དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
ཨེ་མ་ཧོའི་ཀུན་རྟོག །
ཨེ་མ་ཧོ། །
བསྟོད་སྨད་འཇིག་རྟེན་ཆོས་བརྒྱད་སྒྲོ་བཀུར་གྱིས་མི་གོས། །
བསྔགས་འོས་ཉེ་སྲས་རྣམ་བརྒྱད་སྤུན་ཟླ་རུ་མི་འགྲོ། །
རང་རིག་ཆོས་ཉིད་སྤྲོས་བྲལ་མཐའ་བརྒྱད་ཀྱི་ངོ་བོར། །
རྟག་བརྟན་མི་འགྱུར་གཡུང་དྲུང་རང་གཤིས་སུ་མཐོང་ལགས། །
དུག་ལྔས་ཕྱུག་པའི་བན་རྒན་སྨྱོན་པ་རུ་མཐོང་ངམ། །
མཁྱེན་བརྩེ་ནུས་པའི་རིག་འཛིན་འཁྲུལ་མེད་དུ་ཤེས་སམ། །
ཇི་ལྟར་གོ་མྱོང་རྟོགས་པར་རང་བློ་ལ་ལྟོས་དང་། །
སྣང་སྲིད་དཔེ་ཆ་བལྟ་བྱའི་གདམས་ངག་ཅིག་སྤེལ་ཡོད། །
འདིས་མཚོན་དུས་གསུམ་བསགས་ཡོད་དགེ་རྩ་ཀུན་བསྡུས་ནས། །
རྒྱལ་ཀུན་མཆོད་དང་འགྲོ་དྲུག་སེམས་ཅན་ལ་བསྔོས་པས། །
རྒྱལ་བསྟན་དར་ཞིང་འཁོར་བ་དོང་སྤྲུགས་སུ་གྱུར་ནས། །
ཁྱད་པར་གངས་ལྗོངས་ཆོས་སྲིད་དཔལ་འབྱོར་རུ་སྨོན་ནོ། །
ད་སྔོན་ཡན་ཆོད་དུ་དྲྭ་རོགས་གྲོགས་པོ་ཚོས་བཟང་ངན་གང་དག་བརྗོད་པ་ཀུན་ལ་བཀྲ་ཤིས་བདེ་ལེགས་དང་རང་རང་སོ་སོའི་བསམ་དོན་འགྲུབ་པའི་སྨོན་ཚིག་ལ་དམ་པའི་ཆོས་ཀྱི་གྲལ་མཐར་འཁོད་པ་དངོས་མིང་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། ། ༢༠༠༩ ༩ ༩

Subscribe to:
Post Comments (Atom)
0 comments:
Post a Comment