དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 9 May 2011
ན་མོ་གུ་རུ་པདྨ་ར་ཛ་ཡེ། །
༡
དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །
ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །
འཕགས་ཚོགས་དགེ་འདུན་གྱི་མངའ་བདག །
འདྲེན་མཆོག་བླ་མ་ལ་འདུད་དོ། །
༢
འཁོར་འདས་ས་མཚམས་ཀྱི་བདེན་གཏམ། །
ལམ་རྟགས་འབྲས་བུ་ཡི་རྒྱལ་པོ། །
སྐལ་ལྡན་གཅེས་ནོར་དུ་གདམས་པས། །
གང་བསམ་ལྷུན་གྲུབ་ཏུ་སྨོན་ནོ། །
༣
རྙེད་དཀའི་དལ་འབྱོར་ལ་བསམ་ནས། །
མི་རྟག་རང་རྒྱུད་ལ་འབྱོར་བས། །
འཁོར་བའི་སྡུག་བསྔལ་ལ་སུན་ཞིང་། །
ཐར་བའི་ལམ་བཟང་ལ་བརྩོན་ཡོང་། །
༤
འཁོར་བ་ཞེན་ལོག་ཅིག་སྐྱེ་ན། །
ཐར་འདོད་ངེས་འབྱུང་གིས་བསྐུལ་ནས། །
དགེ་བ་སྣ་གཅིག་རེ་སྒྲུབ་ཀྱང་། །
ཐར་བའི་ལམ་བཟང་དུ་གྲོལ་རྟགས། །
༥
སྡོམ་བཟང་ཚུལ་ཁྲིམས་ལ་བརྟེན་ནས། །
གཡེང་མེད་ཏིང་འཛིན་དེ་སྒོམ་དང་། །
ལྷག་མཐོང་ཤེས་རབ་དེ་མཇལ་བས། །
སོར་ཐར་དོན་ལྡན་དུ་ཕྱིན་རྟགས། །
༦
རང་གཤིས་སྟོང་ཉིད་དེ་རྟོགས་ནས། །
སྙིང་རྗེའི་གཞན་དོན་ལ་བྱམས་པ། །
ཐབས་ཤེས་ཟུང་འཇུག་ལ་གོམས་ན། །
བྱང་སེམས་འཁྲུལ་མེད་ཀྱི་ལམ་རྟགས། །
༧
སྒྲིབ་གཉིས་ཟག་ཟད་ཀུན་སྤངས་ཏེ། །
སྐུ་བཞིའི་རྒྱལ་ས་ལ་ཕྱིན་ནས། །
ཕན་བདེའི་རྒྱ་མཚོ་བཞིན་སྤྲོས་ན། །
རྒྱལ་སྲས་རྒྱལ་བ་རུ་གྱུར་རྟགས། །
༨
ཐབས་ཆེན་གསང་སྔགས་ལ་འབད་ནས། །
སྣང་སྲིད་རྣམ་དག་ཏུ་མཐོང་བས། །
ཚེ་གཅིག་སངས་རྒྱས་ཀྱི་ལམ་བཟང་། །
སྣང་གྲགས་རང་རིག་ཏུ་གྲོལ་རྟགས། །
༩
ཀ་དག་རང་ངོ་རུ་ཤེས་ན། །
ལྷུན་གྲུབ་རང་རྩལ་ནས་མཇལ་བས། །
དབྱེར་མེད་རང་རིག་གི་རྫོགས་ཆེན། །
རིག་འཛིན་རང་མལ་ནས་རྙེད་རྟགས། །
༡༠
ལྟ་བ་དབུ་མ་ཉིད་རྟོགས་ན། །
སྤྱོད་པ་འདུལ་དང་མཐུན་ཡོང་། །
སྒོམ་པ་ཕྱག་ཆེན་ཉིད་གོམས་ན། །
འབྲས་བུ་རྫོགས་ཆེན་ཉིད་ཐོབ་ཡོང་། །
༡༡
མདོར་ན་དམ་ཆོས་དང་འཇིག་རྟེན། །
བྱམས་བརྩེ་བཟོད་སྒོམ་གྱི་ཚུལ་ཁྲིམས། །
ཉམས་ལེན་རྣམ་དག་རེ་གནང་དང་། །
ཐེག་པའི་གོ་རིམ་བཞིན་གྲོལ་ཡོང་། །
༡༢
མ་ཀི་འཁོར་བ་ཡི་ས་ནས། །
ཡ་ཀི་རྫོགས་ཆེན་གྱི་བར་ལ། །
གོ་རིམ་ཐེག་པ་ཡི་རྣམ་གྲངས། །
རང་ནུས་ཅི་ཡོད་ཀྱིས་འབད་འཚལ། །
༡༣
འཁོར་འདས་ལྟ་སྒོམ་ཀྱི་སྤྱོད་འབྲས། །
མ་འདྲེས་རང་ཉིད་ཀྱིས་ཤེས་ན། །
ཨེ་སྒྲུབ་རང་ལག་ལ་ཡོད་པས། །
དམ་ཆོས་བདག་མེད་དེ་རྟོགས་རྟགས། །
༡༤
རང་དྲིན་རང་ཉིད་ལ་བསམ་ནས། །
རང་བདག་རང་ཉིད་ཀྱིས་གནང་ན། །
རང་ཆོས་རང་ཉིད་ཀྱིས་ཟིན་པས། །
རང་འབྲས་རྣམ་དག་རེ་ཐོབ་ངེས། །
༡༥
ལས་འབྲས་བསླུ་མེད་ལ་འབད་ནས། །
ཐེག་གསུམ་ལྟ་སྒོམ་གྱི་བོགས་འདོན། །
བསླབ་གསུམ་ཉམས་བཞེས་ལ་བརྩོན་དང་། །
ལྷར་བཅས་འགྲོ་བ་ཡི་སྐྱབས་གནས། །
༡༦
བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད། །
སྦྱོར་བ་ཕྱིན་དྲུག་གི་དགེ་བས། །
འབྲས་བུ་འགྲོ་དྲུག་ལ་ཕན་བདེས། །
སྐུ་ལྔའི་རྒྱལ་ས་ལ་བཀོད་སྨོན། །
ཞེས་པའང་རབ་རྒྱན་ལྕགས་སྟག་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་༢༠༡༠ ༤ ༢༨ ལ་ཁ་པར་བརྡ་དྲིལ་བཅས་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་གི་ཚ་བུ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་ངོར་དེ་མ་ཐག་ཏུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཤར་མར་བྲིས་པ་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ། །
༡
དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །
ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །
འཕགས་ཚོགས་དགེ་འདུན་གྱི་མངའ་བདག །
འདྲེན་མཆོག་བླ་མ་ལ་འདུད་དོ། །
༢
འཁོར་འདས་ས་མཚམས་ཀྱི་བདེན་གཏམ། །
ལམ་རྟགས་འབྲས་བུ་ཡི་རྒྱལ་པོ། །
སྐལ་ལྡན་གཅེས་ནོར་དུ་གདམས་པས། །
གང་བསམ་ལྷུན་གྲུབ་ཏུ་སྨོན་ནོ། །
༣
རྙེད་དཀའི་དལ་འབྱོར་ལ་བསམ་ནས། །
མི་རྟག་རང་རྒྱུད་ལ་འབྱོར་བས། །
འཁོར་བའི་སྡུག་བསྔལ་ལ་སུན་ཞིང་། །
ཐར་བའི་ལམ་བཟང་ལ་བརྩོན་ཡོང་། །
༤
འཁོར་བ་ཞེན་ལོག་ཅིག་སྐྱེ་ན། །
ཐར་འདོད་ངེས་འབྱུང་གིས་བསྐུལ་ནས། །
དགེ་བ་སྣ་གཅིག་རེ་སྒྲུབ་ཀྱང་། །
ཐར་བའི་ལམ་བཟང་དུ་གྲོལ་རྟགས། །
༥
སྡོམ་བཟང་ཚུལ་ཁྲིམས་ལ་བརྟེན་ནས། །
གཡེང་མེད་ཏིང་འཛིན་དེ་སྒོམ་དང་། །
ལྷག་མཐོང་ཤེས་རབ་དེ་མཇལ་བས། །
སོར་ཐར་དོན་ལྡན་དུ་ཕྱིན་རྟགས། །
༦
རང་གཤིས་སྟོང་ཉིད་དེ་རྟོགས་ནས། །
སྙིང་རྗེའི་གཞན་དོན་ལ་བྱམས་པ། །
ཐབས་ཤེས་ཟུང་འཇུག་ལ་གོམས་ན། །
བྱང་སེམས་འཁྲུལ་མེད་ཀྱི་ལམ་རྟགས། །
༧
སྒྲིབ་གཉིས་ཟག་ཟད་ཀུན་སྤངས་ཏེ། །
སྐུ་བཞིའི་རྒྱལ་ས་ལ་ཕྱིན་ནས། །
ཕན་བདེའི་རྒྱ་མཚོ་བཞིན་སྤྲོས་ན། །
རྒྱལ་སྲས་རྒྱལ་བ་རུ་གྱུར་རྟགས། །
༨
ཐབས་ཆེན་གསང་སྔགས་ལ་འབད་ནས། །
སྣང་སྲིད་རྣམ་དག་ཏུ་མཐོང་བས། །
ཚེ་གཅིག་སངས་རྒྱས་ཀྱི་ལམ་བཟང་། །
སྣང་གྲགས་རང་རིག་ཏུ་གྲོལ་རྟགས། །
༩
ཀ་དག་རང་ངོ་རུ་ཤེས་ན། །
ལྷུན་གྲུབ་རང་རྩལ་ནས་མཇལ་བས། །
དབྱེར་མེད་རང་རིག་གི་རྫོགས་ཆེན། །
རིག་འཛིན་རང་མལ་ནས་རྙེད་རྟགས། །
༡༠
ལྟ་བ་དབུ་མ་ཉིད་རྟོགས་ན། །
སྤྱོད་པ་འདུལ་དང་མཐུན་ཡོང་། །
སྒོམ་པ་ཕྱག་ཆེན་ཉིད་གོམས་ན། །
འབྲས་བུ་རྫོགས་ཆེན་ཉིད་ཐོབ་ཡོང་། །
༡༡
མདོར་ན་དམ་ཆོས་དང་འཇིག་རྟེན། །
བྱམས་བརྩེ་བཟོད་སྒོམ་གྱི་ཚུལ་ཁྲིམས། །
ཉམས་ལེན་རྣམ་དག་རེ་གནང་དང་། །
ཐེག་པའི་གོ་རིམ་བཞིན་གྲོལ་ཡོང་། །
༡༢
མ་ཀི་འཁོར་བ་ཡི་ས་ནས། །
ཡ་ཀི་རྫོགས་ཆེན་གྱི་བར་ལ། །
གོ་རིམ་ཐེག་པ་ཡི་རྣམ་གྲངས། །
རང་ནུས་ཅི་ཡོད་ཀྱིས་འབད་འཚལ། །
༡༣
འཁོར་འདས་ལྟ་སྒོམ་ཀྱི་སྤྱོད་འབྲས། །
མ་འདྲེས་རང་ཉིད་ཀྱིས་ཤེས་ན། །
ཨེ་སྒྲུབ་རང་ལག་ལ་ཡོད་པས། །
དམ་ཆོས་བདག་མེད་དེ་རྟོགས་རྟགས། །
༡༤
རང་དྲིན་རང་ཉིད་ལ་བསམ་ནས། །
རང་བདག་རང་ཉིད་ཀྱིས་གནང་ན། །
རང་ཆོས་རང་ཉིད་ཀྱིས་ཟིན་པས། །
རང་འབྲས་རྣམ་དག་རེ་ཐོབ་ངེས། །
༡༥
ལས་འབྲས་བསླུ་མེད་ལ་འབད་ནས། །
ཐེག་གསུམ་ལྟ་སྒོམ་གྱི་བོགས་འདོན། །
བསླབ་གསུམ་ཉམས་བཞེས་ལ་བརྩོན་དང་། །
ལྷར་བཅས་འགྲོ་བ་ཡི་སྐྱབས་གནས། །
༡༦
བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད། །
སྦྱོར་བ་ཕྱིན་དྲུག་གི་དགེ་བས། །
འབྲས་བུ་འགྲོ་དྲུག་ལ་ཕན་བདེས། །
སྐུ་ལྔའི་རྒྱལ་ས་ལ་བཀོད་སྨོན། །
ཞེས་པའང་རབ་རྒྱན་ལྕགས་སྟག་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་༢༠༡༠ ༤ ༢༨ ལ་ཁ་པར་བརྡ་དྲིལ་བཅས་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་གི་ཚ་བུ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་ངོར་དེ་མ་ཐག་ཏུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཤར་མར་བྲིས་པ་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ། །
Subscribe to:
Post Comments (Atom)
0 comments:
Post a Comment