དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 9 May 2011
ཁྲྭ་ཁོག་གི་གནས་ཡིག་སྲིད་རྩེ་གསལ་བའི་མེ་ལོང་ཞེས་བྱ་བ། །
དཔལ་དགྱེས་པ་རྡོ་རྗེས།
འཛམ་གླིང་རི་རྒྱལ་རྩེ་མོ་གངས་ལྗོངས་ཀྱི་ཞིང་ཁམས། །
ཁྲྭ་ཕུ་འཛམ་གླིང་ལ་ཁ་ཆོས་དཔལ་གྱི་གཏེར་མཛོད། །
ཆབ་དཔལ་རིག་གསུམ་འཛོམས་པ་གནམ་རྫོང་གི་རྒྱན་ཆ། །
ཚངས་གནས་བཞི་ལྡན་ཐོབ་པ་གནས་མཆོག་གི་ཆེ་ཆོས། །
 
སྔོན་བྱུང་སྲིད་པ་ཆགས་པའི་ལོ་རྒྱུས་ཀྱི་འབྱུང་གནས། །
བར་སྐབས་གླིང་རྗེ་དཔའ་མཛངས་སྤྱི་དཔོན་ཀྱི་གདན་ས། །
བོད་ཡུལ་བདེ་སྐྱིད་སྨོན་པའི་ལབ་རྩེ་ཡི་རྒྱལ་པོ། །
ཁྲྭ་ལྗོངས་པདྨའི་དགའ་ཚལ་གངས་ཅན་གྱི་བསོད་ནམས། །
 
གནམ་ལ་འཁོར་ལོ་བརྩེགས་བརྒྱད་རང་བྱུང་གི་གདུགས་དཀར། །
ས་ལ་པདྨ་འདབས་བརྒྱད་ལྷུན་གྲུབ་ཀྱི་བཀོད་པ། །
བར་ལ་བཀྲ་ཤིས་རྟགས་བརྒྱད་ཕྱོགས་མཚམས་ཀྱི་དཀྱིལ་འཁོར། །
རྨད་བྱུང་ངོ་མཚར་རབ་འབར་ཁྲྭ་ལྗོངས་ཀྱི་ཡོན་ཏན། །
 
ཆུ་མིག་བརྒྱ་རྩ་ནད་རིགས་ཀུན་འཇོམས་ཀྱི་བདུད་རྩི། །
ཁྲྭ་ཆུ་ཡན་ལག་བརྒྱད་ལྡན་གཙང་ཆབ་ཀྱི་དྭངས་མ། །
རྩི་ཏོག་སྨན་སྣ་ཀུན་འཛོམས་ཁྲྭ་ཡུལ་གྱི་སྨན་ལྗོངས། །
འདོད་དགུ་ཀུན་འབྱུང་ཁྲྭ་ཁམས་འཛམ་གླིང་གི་ཡང་རྩེ། །
 
ལྷ་ཡི་སྐྱེད་ཚལ་ལྡན་པ་དབྱར་གནས་ཀྱི་བཀྲ་ཤིས།
ཀླུ་ཡི་ལོངས་སྤྱོད་རྫོགས་པ་སྟོན་གནས་ཀྱི་བདེ་ལེགས། །
མི་ཡི་བློ་རིག་གསལ་བ་དགུན་གནས་ཀྱི་ཕུན་ཚོགས། །
ཕྱུགས་ཀྱི་འཕེལ་ཁ་རྒྱས་པ་དཔྱིད་གནས་ཀྱི་རྒྱ་མཚོ། །
 
སྲིད་ཞིའི་ཕན་བདེའི་འདོད་རྒུ་འབྱུང་གནས་ཀྱི་གཏེར་ཆེན། །
ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་གི་ཁྱབ་བདག །
བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བ་ཡི་མགོན་པོ། །
འཕྲིན་ལས་རོལ་མཚོར་རྒྱས་པ་སྣོད་བཅུད་ཀྱི་ངོ་མཚར། །
 
ཤར་ཕྱོགས་གནམ་རྫོང་ཕྱུག་མོ་རྡོ་རྗེ་ཡི་མདུད་རྒྱ། །
ལྷོ་ཕྱོགས་གླང་ཆེན་འགྱིང་རི་གཡུལ་རྒྱལ་གྱི་ས་སྲུང་། །
ནུབ་ཕྱོགས་དབང་རི་མཁར་དམར་གནམ་རྗོང་གི་རྗེས་དྲན། །
བྱང་ཕྱོགས་ཡིད་བཞིན་ནོར་བུ་རིགས་གསུམ་གྱི་བླ་རི། །
 
ཤར་ལྷོར་གཡང་འཁྱིལ་བླ་རི་རིག་འཛིན་གྱི་བསྟི་གནས། །
ལྷོ་ནུབ་གཞུ་ཤུབ་སྡོམ་རི་རྗེ་བཙུན་གྱི་ལྷ་གནས། །
ནུབ་བྱང་རྡོ་གཏེར་ཁམས་རི་དཔོན་ཆེན་གྱི་བཞུགས་གནས། །
བྱང་ཤར་གཡུ་སྟག་གདུང་འབུམ་གཅེས་ཕྲུག་གི་བླ་གནས། །
 
གནམ་བསྐོས་སྤྱི་དཔོན་རྒྱལ་པོའི་ཚེ་གཅིག་གི་སྒྲུབ་གནས། །
བྱམས་བརྩེའི་མངའ་འབངས་དར་བ་ཁྲྭ་ལྗོངས་ཀྱི་ཁྱད་ཆོས། །
ཕུན་ཚོགས་སྡེ་བཞིའི་དགེ་མཚན་རང་བྱུང་གི་གནས་མཆོག །
སྣོད་བཅུད་རྣམ་དག་འཛམ་གླིང་གོ་ལ་ཡི་སྙིང་སྲོག །
 
བསྟན་འགྲོའི་དགེ་མཚན་གཟི་དཔལ་ཉི་འོད་ཀྱི་ཚོམ་བུ། །
བཀྲ་ཤིས་འོད་སྣང་འབར་བའི་གནས་མཆོག་ལ་དུང་བས། །
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་བར་ནི་འགྱུར་ཞེས། །
འཕགས་པའི་བདེན་གསུང་རྨི་ལམ་འོད་གསལ་ལས་ཐོས་སོང་། །
ཞེས་པ་འང་རབ་རྒྱན་ས་བྱིའི་ཟླ་༣་ཚེས་༡༥དགེ་བར་རྨི་ལམ་གྱི་རྐྱེན་གྱིས་བསྐུལ་བར་ལྟར་ཤྲྰི་སྨྱོན་པསjགང་ཤར་དུ་ཨ་རིའི་ཆོས་ལ་རི་ཁྲོད་ནས་སྤེལ་བར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ