དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
༄༅། །རྨི་ལམ་རྣལ་འབྱོར་གྱི་གནད་གསང་། །
ན་མོ་གུ་རུ་བུདྡྷ་ཛྙྰ་ཡེ། །
རང་སྣང་ཡེ་དག་གི་རྒྱལ་བ་ཞི་ཁྲོ། །
རིག་རྩལ་སྒྱུ་འཕྲུལ་གྱི་འཁོར་འདས་བཟང་ངན། །
རེ་དོགས་འཁྲུལ་བ་དེ་གཞི་ནས་བྲལ་བ། །
རིག་འཛིན་བླ་མ་ཁྱེད་སྙིང་དབུས་བཞུགས་ཏེ། །
རྨི་ལམ་རྣལ་འབྱོར་གྱི་དངོས་གྲུབ་སྩོལ་ཅིག །
འབྱུང་འདུས་ཐིམ་རིམ་ཀུན་མི་རྟག་འཆར་བས། །
སྣང་མཆེད་ཐོབ་གསུམ་སོགས་སྒྲ་འོད་གཟིར་ཡང་། །
དྲི་མེད་རིག་ཁམས་དེ་རྗེན་ལ་བུད་ཐལ་། །
རང་གསལ་ངེས་ཤེས་འདི་སྨྲ་བརྗོད་དཀའ་བའི། །
བདེ་ཆེན་རང་རིག་ངང་དལ་ཅིག་ལུས་གདའ། །
ཟག་བཅས་སྒྱུ་ལུས་ལ་རེག་རྩོལ་མ་བྱས། །
ཟག་མེད་བསམ་གཏན་གྱི་རྩི་དང་མ་བྲལ། །
ལྷག་བསམ་ཐབས་ཤེས་ཀྱི་རྨི་ལམ་སྣང་བ། །
བདེ་ཆེན་བྲོ་གར་ཞིག་ཐོལ་བྱུང་འཁྲབ་སས། །
གཉུག་མའི་རང་གཤིས་དེ་རྗེན་ལ་བུད་གདའ། །
སྙན་ངག་ལྡབ་ལྡིབ་ཀྱི་ཡུལ་ལས་འགོངས་པའི།།
སྨྲ་བསམ་བརྗོད་འདས་ཀྱི་སྙིང་ནོར་དམ་པ། །
རྟོག་གེའི་གཏན་ཚིགས་ཀྱི་གཞལ་དཀའི་ངེས་ཤེས། །
སྲིད་ཞི་མཉམ་ཉིད་ཀྱི་ཡང་དག་ལྟ་བ། །
འདི་ཀོ་ཁོ་ན་ལ་ཁོ་ཐག་ཆོད་གདའ། །
ཟབ་ཞི་སྤྲོས་བྲལ་གྱི་ཀློང་ཆེན་རབ་འབྱམས། །
ལྷུན་གྲུབ་མཁྱེན་བརྩེ་ཡི་འོད་གསལ་སྙིང་པོ། །
ཚུལ་གནས་རྣམ་དག་གི་རྒྱལ་བུ་མྱུ་གུ། །
རྟེན་འབྲེལ་ཟབ་རྒྱས་ཀྱི་སྨོན་ལམ་རྒྱ་མཚོ། །
ཡིད་བཞིན་ནོར་བུ་དེ་སྙིང་ནས་བཞད་གདའ། །
བླ་མ་རྒྱ་མཚོ་ཡི་སྙིང་ནོར་དམ་པ། །
ཡི་དམ་རྒྱ་མཚོ་ཡི་དགོངས་གཅིག་མཐར་ཐུག །
མཁའ་འགྲོ་རྒྱ་མཚོ་ཡི་སྙིང་ཐིག་དྭངས་མ། །
ཆོས་སྐྱོང་རྒྱ་མཚོ་ཡི་ཐུགས་དམ་གཉེར་ས། །
བཀའ་གཏེར་རྒྱ་མཚོ་འདི་ཀ་རེད་གདའ། །
སྣང་སྲིད་ཟིལ་གནོན་གྱི་སྐུ་རུ་བཞེངས་ནས། །
རྡོ་རྗེའི་སྒྲ་དབྱངས་ཀྱི་གླུ་བྲོ་སྙན་མོ། །
དགའ་བདེ་རྒྱ་མཚོ་ཡི་བྱམས་བརྩེའི་མཆོད་པ། །
གསང་གསུམ་དགྱེས་དགུར་ལ་ཕྱོགས་པའི་མཆེད་ལྕམ། །
ཚོགས་འཁོར་རྒྱ་མཚོ་ལ་མཉམ་རོལ་གནང་གདའ། །
ཕྱི་གསལ་ནང་གསལ་གྱི་དམ་ཚིག་སྡོམ་ཐག།
དྲན་ཤེས་བག་ཡོད་ཀྱིས་འབད་རྩོལ་མ་དགོས། །
འཕགས་ནོར་བདུན་ལྡན་གྱིས་རང་རྒྱུད་ཕྱུག་པས། །
ཏིང་འཛིན་རྣམ་གསུམ་གྱི་སྨིན་གྲོལ་ཐོབ་པ། །
མཉམ་རྗེས་དབྱེར་མེད་དེ་སེམས་ལ་ཤར་གདའ། །
རིག་སྟོང་ཟུང་འཇུག་གི་རྫོགས་པ་ཆེན་པོ། །
བདེ་སྟོང་ཟུང་འཇུག་གི་ཕྱག་རྒྱ་ཆེན་པོ། །
སྣང་སྟོང་ཟུང་འཇུག་གི་རྟེན་འབྲེལ་ཆེན་པོ། །
འཁོར་འདས་མཉམ་ཉིད་ཀྱི་རྣལ་འབྱོར་ཆེན་པོར། །
མ་ལུས་འགྲོ་ཀུན་གྱིས་སྤྱོད་པར་སྨོན་ནོ། །
ཞེས་པའང་༢༠༠༩ ༡༡ ༩ ལ་རྨི་ལམ་ལ་བརྟེན་ནས་ཐོལ་བྱུང་དུ་ཤྲྰི་སྨྱོན་པས་བྲིས་པ་དགེའོ།

Subscribe to:
Post Comments (Atom)
0 comments:
Post a Comment