དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
རྒྱ་བླ་རྡོ་རྗེ་ལ་གུས་ཕུལ། །
གཟུར་གནས་མཁྱེན་པའི་ཉི་མ་ཆུ་ལྷ་རུ་བརྒལ་ནས། །
བློ་ལྡན་བརྩེ་ཆེན་ཟླ་གཞོན་གནམ་གང་དུ་གྱུར་པས། །
དོན་གཉེར་སྐྱེ་བོ་སྐར་ཚོགས་སྤྲིན་ནག་གིས་སྒྲིབ་ཚེ། །
ཅོལ་ཆུང་འབྱུང་བྱའི་གཡམ་རྒྱུགས་བྱེད་པ་ལ་མ་རྒྱུགས། །
བོད་བླ་བཟང་པོ་ཡིན་ཞེས་བསྟོད་ར་ཡང་མ་སྔ། །
རྒྱ་བླ་ངན་པ་རེད་ཅེས་སྨད་ར་ཡང་མ་བྱེད། །
གང་ཟག་ཚོད་དཔག་ནུས་པའི་རྣམ་མཁྱེན་ཞིག་མེད་ན། །
རང་བླ་རང་གིས་མཛད་པའི་དུས་ཚོད་ཅིག་ལེགས་སོ། །
རྒྱ་བླ་གཙང་མ་བསམ་ན་ཉན་ཐོས་དང་དགྲ་བཅོམ། །
བོད་བླ་དག་མ་ཡིན་ན་བྱང་ཆུབ་ཀྱི་སེམས་དཔའ། །
དབྱིན་བླ་བདེན་པ་མཛད་ན་བླ་མེད་ཀྱི་རྣལ་འབྱོར། །
རང་བླ་རྣལ་མ་འདོད་ན་རང་རིག་པའི་ཡེ་ཤེས། །
མི་ཚེའི་ཉི་མ་ནུབ་རིར་ཕར་ཕར་རུ་རྒྱུ་ཞིང་། །
འཆི་བདག་གྲིབ་མ་རང་མགོར་ཚུར་ཚུར་རུ་ཉེ་བས། །
ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་རང་ཡིན་པས། །
འཆི་ཆོས་རྣལ་མ་སྒྲུབ་པའི་ཉམས་ལེན་རེ་རེམ་རེམས། །
དཔལ་དགྱེས་པ་རྡོ་རྗེས ༢༠༠༩ ༡ ༡༧

Subscribe to:
Post Comments (Atom)
0 comments:
Post a Comment