དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 1 May 2011
༄༅༅།། རིག་འཛིན་པདྨ་དྲག་སྔགས་གླིང་པ་དང་གཏེར་ཆོས་ཀྱི་ངོ་སྤྲོད་མདོར་བསྡུས།།
པདྨའི་ཐུགས་སྲས་སངས་རྒྱས་ཡེ་ཤེས་གར། །
པདྨའི་ལུང་ཟིན་ཟབ་གཏེར་མཛོད་ལ་དབང་། །
པདྨའི་རྒྱལ་ཚབ་གསུམ་ལྡན་རྡོ་རྗེ་འཛིན། །
པདྨ་དྲག་སྔགས་གླིང་པར་རྒྱལ་གྱུར་ཅིག །

དེ་ཡང་རིག་འཛིན་པདྨ་དྲག་སྔགས་གླིང་པའི་ཕྱི་ནང་གསང་བའི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཐུན་མོང་གདུལ་བྱའི་ངོར་སྣང་བ་མདོར་བསྡུས་ཞིག་ཞུས་ན། ཡབ་ཨ་ལྕགས་འབྲི་ཡི་བརྒྱུད་པ་འབྲི་ལྷ་རྒྱལ་ལས་མཆེད་པའི་ཨ་སྐྱོང་ཁག་གསུམ་ལས་ཆོས་སྡེ་མང་དུ་མཆིས་པ་ལས། སྟག་ཐོག་རིན་ཆེན་མགོན་པོ་ཞེས་གནོད་སྦྱིན་ཤན་པ་དམར་པོའི་སྤྲུལ་པ་གྲགས་ཤིང་སྡིག་ལ་འཛེམ་ཞིང་ཆོས་ལ་དགའ་བ་དཔའ་རྩལ་ལྡན་པའི་ཡ་རབས་ཀྱི་མི་བརྒྱུད་ནི་སྐུའི་ཡབ་དང་། ཡུམ་ཨ་སྐྱོང་ཁང་རྒན་དཔོན་གྱི་སྲས་མོ་རིག་བྱེད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་དྲུག་པ་ཆུ་ཁྱིའམ་ཕྱི་ལོ་༡༩༢༢ ༢ ༢༢ ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་སྲས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་སྐུ། གཞན་ཡང་རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་དང་གཏེར་ཆེན་གྲུབ་པའི་སྐྱེས་ཆེན་དུ་མ་རིགས་དང་ཅིག་ཆར་དུ་ཕྲིན་ལས་ཀྱིས་བསྟན་འགྲོའི་དོན་ལ་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་མཛད་པའི་ཡ་གྱལ། སྤྲུལ་བའི་གཏེར་ཆེན་པདྨ་དྲག་སྔགས་གླིང་པ་ཉིད་ལྟས་བཟང་དང་བཅས་མཚན་དཔེའི་གསེར་ཞལ་སྙིགས་དུས་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་འཁྲུངས།དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་སོགས་ཐོགས་མེད་དུ་མཁྱེན།དགུང་གྲངས་བཅུ་བཞིའི་སྐབས་སུ་གློ་བུར་དུ་ངེས་འབྱུང་དྲག་པོས་ཐུགས་རྒྱུད་བསྐུལ་བས་རྡོ་གྲུབ་སྒར་དུ་ཕེབས་ནས་ལོ་གསུམ་དུ་བཞུགས་ཏེ་གུས་རྟག་གི་བརྩོན་འགྲུས་རྒྱ་ཆེན་པོའི་ངང་སློབ་གཉེར་ཟབ་རྒྱས་མཛད།དགུང་ལོ་བཅུ་བདུན་ལ་སོན་སྐབས་ཨ་པང་གཏེར་ཆེན་རིག་འཛིན་ཕྲིན་ལས་གླིང་པའི་མདུན་དུ་བྱོན་ནས་གསང་སྔགས་ཕྱི་ནང་གི་དབང་ལུང་མན་ངག་ཐམས་ཅད་ཆིག་རྒྱུད་དུ་བུམ་པ་གང་བྱོའི་ཚུལ་གྱིས་གསན་བསམ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་གསུམ་གྱི་སྟེང་དུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དྲུང་དུ་བསྙེན་པར་རྫོགས།ཟབ་ཆོས་ཀྱི་གདམས་ངག་དུ་མར་ཞུས་པ་དང་། སྐབས་དེར་ཕྱག་གཡོན་གྱི་སྲིན་མཛུབ་ཀྱང་མཆོད་པའི་མར་མེ་མཛད་ནས་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་གནང་། དགུང་ལོ་ཉེར་ལྔའི་སྐབས་སུ་འཇམ་དབྱངས་མཁྱེན་བརྩེ་རྡོ་རྗེ་འཆང་གི་ཞལ་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བ་སྤྲུལ་སྐུ་དང་། རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ། ཟབ་མོ་གཏེར་གྱི་བཀའ་བབས་ཡིན་པར་གསུངས་ཤིང་། ཡང་གསང་བླ་མེད་དང་མཐུན་པའི་གསང་ཡུམ་བཞེས་དགོས་པ་དང་གཏེར་ཆོས་འདོན་དགོས་ཚུལ་བཀའ་ལུང་ལྡོག་མེད་དུ་བསྩལ་ཅིང་གསང་བའི་མཚན་ལ་པདྨ་རང་གྲོལ་རྩལ་ཞེས་གསོལ་བ་དང་།
ཞབས་བརྟེན་སྨོན་ཚིག་དུ་ཉིད་ཀྱིས་ཞལ་ནས།
རིག་འཛིན་ཨོ་ཌྱི་ནའི་སྒྱུ་འཕྲུལ་གར། །
པད་འབྱུང་ཆོས་གཏེར་རྒྱ་མཚོའི་གཏེར་རྒྱ་ཐོབ། །
མཛད་དཀའ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅན། །
པདྨ་དྲག་སྔགས་གླིང་པར་ཞབས་བརྟན་གསོལ། །

ཞེས་གསུངས་ནས་རིགས་འདུས་པདྨ་ཀ་རའི་རྒྱལ་ཚབ་ཆེན་པོར་མངའ་གསོལ་ཞིང་མཆོད་འབུལ་དང་སྐུ་གསུང་ཐུགས་རྟེན་གནང་སྟེ་གཟེངས་བསྟོད་རྒྱ་ཆེར་མཛད་ནས་བརྟེན་བཞུགས་ཡང་དག་པར་ཕུལ་བར་མཛད་དོ། དེ་ནས་མཁྱེན་བརྩེ་རིན་པོ་ཆེ་དང་།ཉིད་ཀྱི་སྐུ་མཆེད་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེ་སོགས་ཀྱིས་བརྟག་བསྒྲིག་ནང་བཞིན་གླིང་དཀར་བསོ་ཚེའི་སྲས་མོ་དང་དགུང་གྲངས་མཉམ་པ་དང་བཀྲ་རྡོ་ལ་བཀའ་ལུང་བབས་པས་རིག་མ་ཚེ་ཡུམ་མནྡར་ཝའི་རྣམ་འཕྲུལ་གླིང་བཟའ་མཁའ་འགྲོ་བཀྲ་རྡོ་དང་ཐབས་ཤེས་ཟུང་དུ་འབྲེལ་བའི་རྟེན་འབྲེལ་ཟབ་མོས་མཐུ་ཡིས། ཟབ་གཏེར་གྱི་སྒོ་འཕར་བདེ་བླག་ཏུ་ཕྱེ་བའི་ཐོག་མར་ཕྱེ་བའི་ཚེ་མཁྱེན་བརྩེ་རིན་པོ་ཆེ་དང་རབ་འབྱམས་རིན་པོ་ཆེ་སོགས་སློབ་ཚོགས་སུམ་བརྒྱ་ལྷག་གི་དབུས་སུ་གུ་རུ་པདྨའི་ཚེ་བུམ་རྣམ་པ་དུང་དཀར་རིང་བསྲེལ་གྱིས་ཕྱུར་བུར་གཏམས་པ་སྤྱན་དྲངས་པ་མཁྱེན་བརྩེའི་རྟེན་ཁྲོད་དུ་བཞུགས། གཞན་ཡང་། ཡེ་ཤེས་མཚོ་རྒྱལ་ཀྱི་རཀྟ་སྒྲོམ་བུ་བརྡ་ཡིག་གི་མཚན་པ་དུ་མ་དང་། གེ་སར་བླ་རྡོ། ནད་སེལ་ཨ་རུ་རྣམ་པར་རྒྱལ་བ་སོགས་སྐུ་གསུང་ཐུགས་རྟགས་ཀྱི་རྟེན་གྲངས་མང་དང་། དགོངས་གཏེར་ལ་ཡང་། རིག་འཛིན་བླ་མའི་བསྒྲུབ་པ་དགོངས་བརྒྱུད་སྙིང་པོ་ཆིག་དྲིལ་དང་། རང་རིག་བླ་མའི་གསང་སྒྲུབ། སྤྲོས་མེད་ཨ་ཏིའི་ལུགས་ཀྱི་རྩ་གསུམ་ལུས་དཀྱིལ་དང་དུས་འཁོར་གསང་སྒྲུབ་དབང་ཆོག་དང་བཅས་པ། རྡོར་སེམས་གསང་སྒྲུབ་གངྒའི་ཆུ་རྒྱུན། བསྐང་བཤགས་དང་། རྩ་གསུམ་གུ་རུ་ཞི་དྲག་རྡོ་རྗེ་རྣལ་འབྱོར་མའི་ལུས་དཀྱིལ་དང་། ཕག་མོའི་ལས་མཐའ་རྩ་རླུང་འཁྲུལ་འཁོར་སོགས་རྩ་རླུང་ཐིག་ལེའི་མན་ངག་དང་། བསམ་ལྷུན་མན་ངག་བཅུ་གསུམ་གྱི་སྒྲུབ་ཐབས་དང་ལས་ཚོགས།འཇམ་དཔལ་དཀར་པོའི་ཟབ་སྒྲུབ་དང་མན་ངག་ཡང་གསང་ཕུར་བ་དང་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྒྲུབ་ཐབས་དང་ལས་མཐའ། གུ་དྲག་སྒྲུབ་པ་དམག་བཟློག་གཏད་དཀྲུགས་སྡེ་བརྒྱད་མདོས་སྐོར། སྒྲོན་དཀར་ལས་ཚོགས་ཉེར་ལྔ་ཅན་དང་རིག་བྱེད་དབང་མོའི་རྒྱུན་ཁྱེར། དོན་ཀུན་གྲུབ་པའི་སྒྲོལ་མའི་སྒྲུབ་ཐབས་དང་དབྱངས་ཅན་ལྷ་མོའི་གསང་སྒྲུབ། བྱང་རྒྱུད་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་ཟབ་མོ་གཅོད་ཀྱི་ལུས་སྦྱིན། ལས་མཐའ་སྣ་ཚོགས་ཀྱི་ཟབ་ཁྲིད་དང་ཟབ་གསང་རྫོགས་ཆེན་གྱི་མན་ངག་སུམ་ཅུ། པདྨ་བཀའ་ཐང་དང་བར་ཆད་ཀུན་སེལ། ཀླུ་མཆོད་སྐོར་དང་གེ་སར་གསོལ་མཆོད། རྨི་ལམ་འོད་གསལ་གྱི་ལུང་བསྟན་དང་ཟངས་མདོག་དཔལ་རིའི་སྨོན་ལམ། ཞལ་གདམས་སྐོར་སོགས་དུས་བབས་ཀྱི་ཆོས་གཏེར་གོ་སླ་གནད་ཚང་བའི་མན་ངག་ཡིད་བཞིན་ནོར་བུའི་གཏེར་མཛོད་ལྟ་བུར་རང་རྡོལ་བྱུང་།སྔོན་གནས་རྗེས་དྲན་གྱི་ཚུལ་དུ་གླིང་དཀར་གྱི་ལོ་རྒྱུས་དང་ས་རྟགས་རྣམས་གསལ་བོར་གསུངས།མཆོག་གི་རིགས་སྲས་དཀོན་མཆོག་སྐབས་དང་སྲས་མོ་མཁའ་འགྲོ་གངས་པོ་དང་པདྨ་ཆོས་འཛོམས་རྣམས་ཀྱང་གྲུབ་པའི་སྐྱེས་ཆེན་བསྟན་འགྲོ་ལ་ཕན་བདེའི ཕྲིན་ལས་སྐྱོང་བཞིན་དུ་བཞུགས་སོ།ཞེ་ཆེན་དགོན་དང་ལྕང་མ་རི་ཁྲོད་དང་སྐྱེན་པོ་དགོན་སོགས་སུ་ཟངས་མདོག་དཔལ་རིའི་ཁྲིད་དང་སྔོན་འགྲོ།ཡེ་ཤེས་བླ་མའི་ཁྲེགས་ཆོད་དང་ཐོད་རྒལ།རྩ་རླུང་འཕྲུལ་འཁོར་སོགས་གསུངས་པས་ཐུགས་སྲས་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུ། མཁན་རྒྱ་མཚོ། མཁན་ཐུ་པེ། སྤྲུལ་ཨ་འགྱུར། སྤྲུལ་དཀོན་དགའ། ཨ་ཚག བསམ་གཏན། ཚེ་དབང་རིག་འཛིན། འོད་ཟེར་རམ་ལོ་དགའ་སོགས་མཁས་གྲུབ་དུ་མ་བྱུང་། སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཁོ་ནར་མཛད། དེའི་སྐབས་སུ་ནག་ཕྱོགས་ཀླ་ཀློའི་དུག་ཀློང་དྲག་ཏུ་ཕྱུར་བའི་ལྟས་ངན་དང་དམ་པ་ཕལ་ཆེར་ཕྲིན་ལས་ཀྱི་འོད་སྟོང་ཆུ་འཛིན་གྱིས་སྒྲིབ་པའི་སྐབས་སུ་འཁེལ་བས་མཆོག་གི་དགོངས་པ་གཞན་དུ་
མུ་འགོད་་་་

0 comments:

ཟིན་བྲིས་འཚོལ་ཡུལ