དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 1 May 2011
༄༅། །བླ་བརྒྱུད་དྲང་སྲོང་དགྱེས་པའི་གླུ་དབྱངས་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །
ཨེ་མ་ཧོ། །
ཆོས་དབྱིངས་སྤྲོས་པ་བྲལ་བའི་ཞིང་ཁམས་ནས། །
ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ། །
གཞི་གྲོལ་ཀ་དག་ངང་ནས་གསོལ་བ་འདེབས། །
ཆོས་ཟད་བློ་འདས་རྟོགས་པར་བྱིན་གྱིས་རློབས། །
གདོད་ནས་རྣམ་དག་ཡེ་ཤེས་ཞིང་ཁམས་ནས། །
རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །
བདག་དོན་དག་པ་ཆོས་ཀྱི་སྐུ་འགྲུབ་ནས། །
གཞན་དོན་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག །
སྙིགས་ལྔའི་འགྲོ་བ་འདུལ་བའི་ཞིང་ཁམས་ནས། །
མཚུངས་མེད་ཤཀྱྰ་སེང་གེ་ལ་གསོལ་བ་འདེབས། །
བདག་དོན་དག་པ་ཆོས་ཀྱི་སྐུ་འགྲུབ་ནས། །
གཞན་དོན་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག །
འཇའ་ལུས་འཕོ་ཆེན་དྭངས་མའི་ཞིང་ཁམས་ནས། །
གྲུབ་དབང་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས། །
གཟུང་འཛིན་སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །
སྣང་ཤེས་དག་པ་རབ་འབྱམས་བྱིན་གྱིས་རློབས། །
ཆོས་དབྱིངས་ཀ་ནས་དག་པའི་ཞིང་ཁམས་ནས། །
རིག་འཛིན་ཤྲྰི་སེངྷ་ལ་གསོལ་བ་འདེབས། །
མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྩལ་རྫོགས་ནས། །
མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག །
མདོ་རྒྱུད་མན་ངག་རྒྱ་མཚོའི་ཞིང་ཁམས་ནས། །
མཁས་གྲུབ་ཛྙྰ་ན་སུ་ཏྲ་ལ་གསོལ་བ་འདེབས། །
སྣང་སྲིད་རྣམ་དག་རང་བཞིན་ཉིད་མཐོང་ནས། །
འཁོར་འདས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །
འབྱུང་བ་རང་དག་འཇའ་འོད་ཞིང་ཁམས་ནས། །
པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས།།
གང་ཤར་བདེ་སྡུག་རོལ་བའི་རྩལ་རྫོགས་ནས། །
འབྱུང་བ་རང་གྲོལ་རྒྱལ་བའི་སྐུ་ཐོབ་ཤོག །
རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །
རིག་འཛིན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །
བདག་དོན་དག་པ་ཆོས་ཀྱི་སྐུ་འགྲུབ་ནས། །
གཞན་དོན་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག །
གནས་མཆོག་མི་འགྱུར་ཏི་སྒྲོའི་ཞིང་ཁམས་ནས། །
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །
ཨེ་ཝྃ་ཟུང་འཇུག་ཡེ་ཤེས་དོན་རྟོགས་ནས། །
མཁའ་ཁྱབ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །
འཇམ་དཔལ་སྐུ་གསུམ་རོལ་བའི་ཞིང་ཁམས་ནས། །
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་རྡོ་རྗེ་ཆོས། །
གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་གསོལ་བ་འདེབས། །
བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །
སྨྲ་བའི་སེངྒེ་གང་གི་རིགས་པའི་མེས། །
སྲིད་འདིར་ལོག་རྟོག་ཚང་འཚིང་ཀུན་བསྲེག་ཅིང། །
ལོག་སྨྲའི་གཅན་གཟན་མཐའ་དག་ཟིལ་གནོན་པ། །
རབ་འབྱམས་སྨྲ་བའི་སེང་གེས་དངོས་གྲུབ་སྩོལ། །
ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །
འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །
གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རྟག་ཏུ་སྐྱོངས། །
མཁྱེན་པའི་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །
ཐུགས་བརྩེའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །
ཟབ་ལམ་ཐེག་རྩེའི་བསྟན་པ་སྤེལ་མཛད་པ། །
རིག་འཛིན་འཇིགས་མེད་གླིང་པས་བདག་སོགས་སྐྱོངས། །
གདོད་ནས་རྣམ་དག་ཀུན་ཁྱབ་རིགས་པའི་གཤིས། །
མཚན་ཙམ་ཐོས་པས་སྦུབས་ལས་རབ་གྲོལ་བས། །
འགྱུར་མེད་བདེ་ལྡན་གནས་ལུགས་མངོན་གྱུར་པ། །
ཡང་ཟབ་རྡོ་རྗེ་འཛིན་པས་རྟག་ཏུ་སྐྱོངས།
བསླབ་གསུམ་རྣམ་དག་མང་ཐོས་འཇིག་རྟེན་འདྲེན། །
ཟབ་རྒྱས་གནས་ལུགས་ཇི་བཞིན་མཁྱེན་གྱུར་པ། །
སྐལ་ལྡན་ཀུན་གཞིར་སྨིན་མཛད་ངག་གི་དཔལ། །
ལོ་ཆེན་དྷརྨྰ་ཤྲྰིས་དགེ་ལེགས་སྩོལ། །
སྤྱན་རས་གཟིགས་དབང་བཤེས་གཉེན་ཚུལ་བཟུང་ནས། །
གསུང་གི་སྣང་བས་འབྲེལ་ཚད་ཐར་ལམ་བཀོད། །
གང་ལ་གང་འདུལ་མཛད་པ་ཕྲིན་ལས་ཅན། །
འཇིགས་མེད་རྒྱལ་བའི་མྱུ་གུས་བདག་སོགས་སྐྱོངས། །
ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །
ནང་ལྟར་གྲུབ་པའིདབང་ཕྱུག་ཤ་བ་རི། །
གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །
འཇིགས་མེད་ཆོས་ཀྱི་དབང་པོས་བདག་ཡིད་སྐྱོངས
རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས། །
དགོངས་པའི་ཀློང་ལས་སྤོབས་པའི་གཏེར་བརྒྱད་གྲོལ། །
ལུང་རྟོགས་ཆོས་མཛོད་རྒྱ་མཚོོའི་མངའ་བདག་མཆོག །
ཀུན་མཁྱེན་མི་ཕམ་རྒྱ་མཚོས་བདག་སོགས་སྐྱོངས། །
རྒྱལ་བས་རྗེས་བཟུང་རྒྱལ་སྲས་མཛད་བཟང་སྐྱོང། །
ཡང་གསང་རྒྱལ་བསྟན་སྤེལ་བའི་གཉེན་གཅིག་པུ། །
ལུང་རྟོགས་བཤད་སྒྲུབ་འཛིན་པའི་དགེ་བའི་བཤེས། །
མཚུངས་མེད་བླ་མས་འགྲོ་ཀུན་རྟག་སྐྱོངས་ཤིག །
པཎ་ཆེན་བི་མ་མི་ཏྲའི་ཡེ་ཤེས་སྐུ ། །
བླ་མེད་ཡང་གསང་བསྟན་པའི་སྲོག་འཛིན་པའི། །
མཁན་ཆེན་ངག་གི་དབང་པོར་གསོལ་བ་འདེབས། །
སྙན་བརྒྱུད་གདམས་པས་འགྲོ་ཀུན་སྨིན་གྲོལ་ཤོག །
འཕགས་ཡུལ་རིག་འཛིན་ནྰ་ག་ཛི་ན་དང་། །
གངས་ལྗོངས་བསྟན་པའི་སྲོལ་འགྱེད་ཁྲི་སྲོང་རྗེ། །
དབྱེར་མེད་ཨ་རིག་ཕྲིན་ལས་དབང་ཕྱུག་ལ། །
གསོལ་བ་འདེབས་སོ་བདག་གཞན་སྨིན་གྲོལ་ཤོག །
ཐུབ་བསྟན་འདུལ་བའི་ཚུལ་ཁྲིམས་རྣམ་པར་དག །
ལུང་རྟོགས་ཆོས་མཛོད་བཤད་སྒྲུབ་མཛད་བཟང་སྤེལ། །
ཆོས་བརྒྱད་བདུད་སྡེའི་འཆིང་ཞགས་གཅོད་མཛད་པ། །
དཔལ་ལྡན་བླ་མས་ཚེ་རབས་ཀུན་ཏུ་སྐྱོངས། །
རིག་འཛིན་ཨོ་ཌྱི་ནའི་སྒྱུ་འཕྲུལ་གར། །
པད་འབྱུང་ཆོས་གཏེར་རྒྱ་མཚོའི་གཏེར་རྒྱ་ཐོབ། །
མཛད་དཀའ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅན། །
པདྨ་དྲག་སྔགས་གླིང་པར་གསོལ་བ་འདེབས། །
ཤེས་བྱའི་ཆོས་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །
བརྩེ་བའི་གདུལ་བྱ་ཐར་བའི་ལམ་སྣ་འདྲེན། །
ཉན་ཐོས་བདུད་སྡེའི་གཡུལ་ལས་རབ་རྒྱལ་བ། །
མདོ་སྔགས་བསྟན་པའི་ཉི་མས་རྟག་ཏུ་སྐྱོངས། །
འཇིགས་མེད་རྩོད་འཆད་རྩོམ་པའི་གཏེར་ལ་དབང་། །
ཕུན་ཚོགས་བསླབ་པ་གསུམ་གྱི་ཡོན་ཏན་རྫོགས། །
དཔག་ཡས་ཕན་བདེའི་འདྱུང་གནས་རིན་པོ་ཆེ། །
ཆོས་རྗེ་འཇིགས་མེད་ཕུན་ཚོགས་གསོལ་བ་འདེབས། །
ཐུགས་ཡིད་དབྱེར་མེད་འདྲིས་པར་བྱིན་གྱིས་རློབས། །
དགེ་ལེགས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །
ཆོས་བཞིན་སྤྱོད་པའི་ཐོས་བསམ་བསྒོམ་པ་ཡིས། །
ངེས་དོན་བཤད་སྒྲུབ་བསྟན་པ་སྤེལ་མཛད་པ། །
ལེགས་བཤད་སྨྲ་བའི་ཉི་མས་བདག་སོགས་སྐྱོངས། །
མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
བརྩེ་ཆེན་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །
མཐུ་སྟོབས་ནུས་པ་ཀུན་འདུས་གསང་བའི་བདག །
སྲས་བཅས་རྒྱལ་བའི་གསང་གསུང་གསུམ་གཅིག་བསྡུས་པ། །
མཁན་ཆེན་འཇིགས་མེད་རྣམ་རྒྱལ་ལ་གསོལ་བ་འདེབས། །
བསྟན་འགྲོའི་དོན་ཆེན་གེགས་མེད་བདེ་མྱུར་འགྲུབ། །
རྒྱལ་ཀུན་དགྱེས་པའི་མཛད་བཟང་མཐར་ཕྱིན་ནས། །
མ་ལུས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །ཅེས་པའང་རབ་རྒྱན་ས་བྱིའི་ཟླ་དང་པོའི་ཚེས་གཅིག་གམ་ཕྱི་ལོ་༢༠༠༨ ༢ ༧ ཉིན་ཨ་རིའི་གླིང་ཕྲན་རིག་འཛིན་དཔལ་དགྱེས་པའི་རྡོ་རྗེས་བྲིས་པ་དགེའོ། །

Subscribe to:
Post Comments (Atom)
0 comments:
Post a Comment