དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 1 May 2011
༄༅། །གཞི་ལམ་འབྲས་བུའི་དེ་ཉིད་གཟུངས་སྔགས་ཟབ་མོས་བསྟན་ཚུལ་ནི།།
ན་མོ་མ་ཧྰ་གུ་རུ་དེ་ཝ་ཌྰ་ཀི་ནི་བྷྱ། །
༡ ངོ་བོ་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །
རང་བཞིན་ལྷུན་གྲུབ་ཡེ་ཤེས་མཐར་ཕྱིན་པའི།།
ཐུགས་རྗེ་འགགས་མེད་ཟུང་འཇུག་རྡོ་རྗེའི་གར། །
འཇམ་དཔལ་ཡིད་བཞིན་ནོར་བུས་བདག་ཡིད་སྐྱོངས། །
སྐྱེས་སྦྱང་ཤེས་རབ་ཤིན་ཏུ་དམན་པ་བདག །
ཡང་གསང་མན་ངག་སྨྲ་བའི་མཐུ་ཆུང་ཡང་། །
ཨོྃ་ཨྰཿཧྰུྃ་ཧྲྰིཿགཟུངས་སྔགས་ཟབ་རྒྱས་དོན། །
དམ་པའི་གཞུང་བཞིན་རང་གཞན་ཕན་ཕྱིར་བཀོད། །
ཨོྃ་གཞི་དག་མཉམ་གནས་ལུགས་ཇི་བཞིན་བལྟའ། །
ཨྰཿལམ་བསྐྱེད་རྫོགས་རྣལ་འབྱོར་མཐར་ཕྱིན་བསྒོམ། །
ཧྰུྃ་རྒྱུན་རང་སྣང་དྲི་མེད་བརྟུལ་ཞུགས་སྤྱོད ། །
ཧྲྰིཿའབྲས་བསྟན་འགྲོའི་དོན་ཆེན་ལྷུན་གྲུབ་འགྱུར། །
འབྱུང་བ་ཀུན་འདུས་གཡོ་འགུལ་ལུས་ཀྱི་སྒོ། །
བཟང་ངན་སྒྲ་ཚིག་སྣ་ཚོགས་ངག་གི་སྒོ། །
རེ་དྭོགས་རྒྱུ་བ་རྣམ་རྟོག་ཡིད་ཀྱི་སྒོ། །
མ་དག་འཁོར་བའི་སྒྱུ་ལུས་རང་གཤིས་མཚོན། །
ལུས་རྒོད་སྲོག་གཅོད་རྐུ་དང་མི་ཚངས་སྤྱོད། །
ངག་འཆལ་རྫུན་ཕྲ་ཚིག་རྩུབ་གཞན་མགོ་བསྐོར། །
ཡིད་རྟོག་བརྣབ་སེམས་གནོད་སེམས་ལོག་ལྟ་ཅན། །
སྒོ་གསུམ་མི་དགེའི་སྤྱོད་པ་ཤིན་ཏུ་འཁྲུལ། །
ལུས་ཀྱིས་སྲོག་སྐྱབས་སྦྱིན་གཏོང་ཚངས་པར་སྤྱོད། །
ངག་གིས་དྲང་བདེན་སྨྲ་ཞིང་དབྱེན་པ་བསྡུམ། །
ཡིད་ཀྱིས་འདོད་ཆུང་ཕན་སེམས་ཡང་དག་ལྟ། །
དགེ་བཅུ་སྒྲུབ་པའི་རྟེན་བཟང་ངོ་མཚར་ཆེ། །
འདུལ་བསྟན་ཚུལ་ཁྲིམས་བསླབ་པས་ལུས་རྒྱུད་དུལ། །
མདོ་སྡེ་ཏིང་འཛིན་དམ་པས་སྨྲ་བརྗོད་འཇམ། །
མངོན་པ་ཤེས་རབ་རྟོགས་པས་རྨོངས་ཡིད་བསལ། །
མྱང་འདས་ཡོན་ཏན་རྒྱ་མཚོས་རང་རྒྱུད་འདུལ། །
དྭངས་དད་ཨོྃ་གྱིས་ཆོས་སྒོར་ལེགས་ཚུད་ནས། །
འདོད་དད་ཨྰཿ་ཡིས་བརྩོན་འགྲུས་རྒྱ་ཆེར་འབྱུང་། །
ཡིད་ཆེས་ཧྰུྃ་གིས་ལོག་རྟོག་ཐེ་ཚོམ་སེལ། །
བྱ་བྱེད་ཧྲྰིཿ་ཡིས་ཚེ་སྲོག་དོན་ལྡན་འགྱུར། །
ཨོྃ་གཞི་སངས་རྒྱས་དཀོན་མཆོག་གསང་གསུམ་དང་། །
ཨྰཿ་ལམ་དམ་ཆོས་བདེན་གཉིས་རང་བཞིན་མཚོན། །
ཧྰུྃ་དོན་དགེ་འདུན་རིག་གྲོལ་ཡོན་ཏན་རྣམས། །
ཧྲྰིཿ་འབྲས་མཆོག་གསུམ་སྣང་བ་རྒྱུན་མི་ཆད་། །
ཨོྃ་དོན་མཚན་ཉིད་ཀུན་ལྡན་བླ་མར་བརྟེན། །
ཨྰཿདོན་དམ་ཚིག་གཙང་མས་ཡི་དམ་བསྙེན། །
ཧྰུྃ་དོན་ཉམས་རྟོགས་སྤེལ་ཕྱིར་མཁའ་འགྲོར་འགྲོག །
ཧྲྰིཿདོན་བར་ཆད་ཀུན་བསལ་ཆོས་སྐྱོང་སྒྲུབས། །
ཨོྃ་དབྱིངས་ཆོས་སྐུའི་ངོ་བོ་སྤྲོས་མཐའ་བྲལ། །
ཨྰཿ་དག་ལོངས་སྐུའི་རང་བཞིན་འགགས་མེད་སྣང་། །
ཧྰུྃ་རྒྱུན་སྤྲུལ་སྐུའི་ཐུགས་རྗེ་སྨོན་ལམ་མཐུས། །
ཧྲྰིཿ་ཉིད་དབྱེར་མེད་འགྲོ་དོན་ལྷུན་གྲུབ་འབྱུང་། །
ཨོྃ་སྐུ་བཅོམ་ལྡན་བདེ་གཤེགས་མཚན་དཔེའི་གར། །
ཨྰཿ་གསུང་སྐྱེ་མེད་རང་སྒྲ་ལྷུན་གྱིས་གྲུབ། །
ཧྰུྃ་ཐུགས་འགགས་མེད་འོད་གསལ་སྙིང་པོ་ཉིད། །
ཧྲྰིཿ་ཁམས་རང་རིག་སངས་རྒྱས་འགྲོ་ལ་ཁྱབ། །
ཨོྃ་དོན་བློ་སྦྱོང་རྣམ་གསུམ་གནད་དུ་བསྣུན། །
ཨྰཿགཞི་གང་ཟག་བདག་མེད་ལེགས་རྟོགས་ནས། །
ཧྰུྃ་ལམ་ངེས་འབྱུང་བསླབ་གསུམ་རབ་བརྩོན་པས། །
ཧྲྰིཿའབྲས་ཟག་མེད་མྱ་ངན་འདས་པར་ཐོབ། །
ཨོྃ་ཉིད་སྒོ་གསུམ་སྔོན་གོམས་བཟང་པོས་མཐུས། །
ཨྰཿགཞི་བདག་མེད་ཕྱེད་གཉིས་རང་འཁྲུངས་ནས། །
ཧྰུྃ་ལམ་རྟེན་འབྲེལ་དོན་མཐོང་བརྡ་ཆོས་སྟོན། །
ཧྲྰིཿའབྲས་ཟག་མེད་ཡེ་ཤེས་རྒྱུད་ལ་འབྱོར། །
ཨོྃ་གཞི་ལྟ་བ་སྟོང་ཉིད་བཅོ་བརྒྱད་དང་། །
ཨྰཿལམ་བསྒོམ་པ་བྱང་ཕྱོགས་སུམ་ཅུ་བདུན། །
ཧྰུྃ་སྤྱོད་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག །
ཧྲྰིཿའབྲས་བླ་མེད་བྱང་ཆུབ་ཐོབ་པ་ལགས། །
ཨོྃ་གཞི་ཐབས་ཤེས་ཟབ་གསང་ལྟ་བའི་ངང་། །
ཨྰཿལམ་ཀྲི་ཡ་ལྷ་དྲུག་གཙོ་འཁོར་བསྒོམ། །
ཧྰུྃ་སྤྱོད་ཁྲུས་དང་གཙང་སྦྲ་ལེགས་འབད་ནས།།
ཧྲྰིཿའབྲས་རིགས་གསུམ་བཅུ་དྲུག་ཚེ་ལ་ཐོབ། །
ཨོྃ་གཞི་བདག་མདུན་སྤུན་གྲོགས་ལྟ་བའི་ངང་། །
ཨྰཿལམ་བསྐྱེད་རྫོགས་འབད་པ་རྒྱ་ཆེན་པོས། །
ཧྰུྃ་སྤྱོད་ཕྱི་ནང་གཙང་སྒྲ་རྒྱུན་མི་བཅད། །
ཧྲྰིཿའབྲས་སྐྱེ་བདུན་མཚམས་སུ་རིགས་བཞི་ཐོབ། །
ཨོྃ་གཞི་བདག་མདུན་མཉམ་པའི་ལྟ་བའི་ངང་། །
ཨྰཿལམ་རྒྱ་བཞི་མངོན་ལྔའི་བསྒོམ་པའི་གནད། །
ཧྰུྃ་སྤྱོད་ཆ་མཉམ་རྣལ་འབྱོར་བྱ་བར་བརྩོན། །
ཧྲྰིཿའབྲས་ཚེ་གསུམ་རིགས་ལྔའི་སྐུ་མཆོག་གྲུབ། །
ཨོྃ་གཞི་དོན་དམ་མཉམ་པ་ཆེན་པོ་དང་། །
ཨྰཿ་ལམ་ཀུན་རྫོབ་དག་པ་ཆེན་པོའི་དཔལ། །
ཧྰུྃ་སྤྱོད་དག་མཉམ་བསྐྱེད་རྫོགས་དབྱེར་མེད་ངང་། །
ཧྲྰིཿའབྲས་ཚེ་འདིར་མངོན་སངས་རྒྱས་པར་ལགས། །
ཨོྃ་ཡེ་ཇི་བཞིན་ཀུན་བཟང་དཀྱིལ་འཁོར་ཉིད། །
ཨྰཿ་ལམ་འོད་གསལ་གདན་གསུམ་ལྷ་སྐུ་རྣམས། །
ཧྰུྃ་སྤྱོད་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་ངང་། །
ཧྲྰིཿ་འབྲས་མྱུར་དུ་མངོན་འཚང་རྒྱ་བར་འགྱུར། །
ཨོྃ་གཞི་ཀ་དག་སྟོང་ཆེན་ལྟ་བ་ལ། །
ཨྰཿ་ལམ་ལྷུན་གྲུབ་སྣང་ཆའི་བསྐྱེད་རྫོགས་འདུས། །
ཧྰུྃ་སྤྱོད་གཡེང་མེད་རིག་པའི་བཙན་ས་ཟིན། །
ཧྲྰིཿ་འབྲས་ཐོད་རྒལ་འཇའ་ལུས་འཕོ་ཆེན་འགྲུབ། །
ལྟ་བ་རི་བོ་ཅོག་གཞག་ཨོྃ་ལ་ཚང་། །
བསྒོམ་པ་རྒྱ་མཚོ་ཅོག་གཞག་ཨྰཿ་ཡིས་མཚོན། །
སྤྱོད་པ་སྣང་བ་ཅོག་གཞག་ཧྰུྃ་གི་ངང་། །
འབྲས་བུ་རིག་པ་ཅོག་གཞག་ཧྲྰིཿ་ལ་རྫོགས། །
སྐུ་གསུམ་ཨོྃ་གྱི་རིག་གདངས་ཐིག་ལེའི་ཆ། །
དབྱིངས་རིག་ཨྰཿ་ཉིད་ལུགས་རྒྱུད་ཤེལ་ཕྲེང་ལྟར། །
ཁྲེགས་ཆོད་ཧྰུྃ་ལ་འོད་གསལ་མངོན་སུམ་འཆར། །
ཐོད་རྒལ་ཧྲྰིཿ་ཡིས་ས་ལམ་གཅིག་ཆོད་ལགས། །
ཨོཾ་ཕྱི་ཉན་རང་བྱང་སེམས་ཐེག་པ་དང་། །
ཨྰཿ་ནང་ཀྲི་ཡ་ཨུ་པ་ཡོ་གའི་ཐེག །
ཧྰུཾ་གསང་མ་ཧྰ་ཨ་ནུ་ཨ་ཏིའི་དོན། །
ཧྲྰིཿཟབ་རང་བྱུང་རིག་པ་ཉག་ཅིག་གོ །
ཨོཾ དུས་གསུམ་བསགས་པའི་དགེ་རྩ་ཅི་མཆིས་ཀུན། །
ཨྰཿ འཁོར་གསུམ་དམིགས་མེད་དམ་པས་རྗེས་བཏབ་པས། །
ཧྰུཾ བསྟན་འགྲོར་ཕན་བདེ་གེགས་མེད་འབྱུང་ཕྱིར་བསྔོ། །
ཧྲྰིཿ འགྲོ་ཀུན་ཕྱམ་ཅིག་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་རབ་རྒྱན་མེ་ཁྱི་རྒྱལ་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། རྒྱུ་རྐྱེན་གྱི་རྟེན་འབྲེལ་ལེགས་འགྲིགས་དང་། དེ་ཡོད་སློབ་ཚོགས་ཀུན་གྱིས་ཡང་ཡང་བསྐུལ་བའི་ངོར། སྟོབས་འབྱོར་གྱི་རྒྱལ་ཁབ་ཨ་མུ་རི་ཀའི་གླིང་ཕྲན། མཛེས་ལྗོངས་ཡིད་འོང་གི་བཀོད་པ་ཕུན་སུམ་ཚོགས་པས་ཕྱུག་པའི་ཨ་རོ་ཛི་ནའི་ཡུལ་དབུས། སྔ་འགྱུར་ཆོས་ལྷ་རི་ཁྲོད་ཁང་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་རང་སྣང་གང་ཤར་སུག་ལས་སུ་བགྱིས་པས། མ་ལུས་སྐྱེ་འགྲོ་བ་ཀུན་གྱིས་གཞི་ལམ་འབྲས་བུའི་དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་རུ་གྱུར་ཅིག ཤྲྰི་སརྦ་བི་ཛ་ཡནྟུ།། །།

Subscribe to:
Post Comments (Atom)
0 comments:
Post a Comment