དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 7 May 2011
བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ། །
རྒྱ་གར་སྐད་དུ༔ ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙྰ་པྰ་ར་མི་ཏྰ་གརྦྷེ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བསྡུས་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐྰ༔ ཨོཾ་མུ་ནི་མུ་ནི་མ་ཧྰ་མུ་ནི་དྷརྨེ་ས་ཀ་ཧྰ༔ དྷྰརྨེ་ཤ་སེ་ནི་རི་སརྦ་ཀྰརྱ་པ་རི་ཀྲ་མེ་དྷརྨྰ༔ ཏདྱ་ཐྰ༔ ཧྲི་སུ་ཧྲི་སྨྲྀ་ཏི༔ ཛ་ཡ་བི་ཛ་ཡ༔ དྷྰིཿདྷྰ་ར་ཎི་པྲ་ཛྙྰ་ས་རེ་སྭྰ་ཧྰ། སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ཏོན་པ་དང་མཉམ་མོ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ༔
རྒྱ་གར་སྐད་དུ༔ པཉྩ་བིཾ་ཤ་ཏི་ས་ཧ་སྲི་ཀ་པྲ་ཛྙྰ་པྰ་ར་མི་ཏྰ་གརྦྷ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐྰ༔ ཨོཾ་པྲཛྙྰེ་པྲཛྙྰེ་མ་ཧྰ་པྲཛྙྰེ་སརྦ་བྷ་རེ༔ པྲཛྙྰ་སརྦ་ཛྙྰ་ན་དུན་ཏ་རེ་པྲ་ཛྙྰ་པྲེ་ཏ༔ སུ་ཀ་རེ་སུ་ཀ་རེ་སུ་ཀ་རེ་སིདྡྷི༔ བུདྡྷ་བུདྡྷ༔ ཀམྤ་ཀམྤ༔ ས་ར་ས་ར༔ དྷ་ར་དྷ་ར༔ བ་ར་བ་ར༔ གརྫ་གརྫ༔ གརྫ་ཡ་ཏི་སྭྰ་ཧྰ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་གཏོན་པ་དང་མཉམ་མོ༔ ཉི་ཁྲིའི་སྙིང་པོ་རྫོགས་སོ༔
རྒྱ་གར་སྐད་དུ༔ ཨརྱ་ཨཥཊ་ས་ཧ་སི་ཀ་པྲ་ཛྙྰ་པྰ་ར་མི་ཏྰ་གརྦྷ༔ བོད་སྐད་དུ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ ཏདྱ་ཐྰ༔ ཨོཾ་ཧྲྰི༔ ཤྲུ་ཏི་སྨྀ་ཏི་ཛ་ཡ་བི་ཛ་ཡེ་སྭྰ་ཧྰ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་གཏོན་པ་དང་མཉམ་མོ༔ བརྒྱད་སྟོང་པའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཥཊ་ཨ་ཡུ་ཏཾ་ས་ཧ་སྲི་ཀ་་པྲ་ཛྙྰ་པྰ་ར་མི་ཏྰ་དྷྰ་ར་ཎྰི༔ བོད་སྐད་དུ༔ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་གཟུངས༔ ཨོཾ་མུ་ནི་མུ་ནི་མ་ཧྰ་མུ་ནི་ཡེ་སྭྰ་ཧྰ༔ པྲ་ཛྙྰ་པྰ་ར་མི་ཏ་ཡེ་སྭྰ་ཧྰ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་གཏོན་པ་དང་མཉམ་མོ༔ ཁྲི་བརྒྱད་སྟོང་པའི་སྙིང་པོ་རྫོགས་སོ༔
རྒྱ་གར་སྐད་དུ༔ སརྦ་ཏ་ཐྰ་ག་ཏ་ཧྲྰི་ད་ནྰ་མ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐྰ་ག་ཏ་ཧྲྰི་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭྰ་ཧྰ༔ ལན་གཅིག་བརྗོད་པས་བསྐལ་བ་འབུམ་ཕྲག་སྟོང་དུ་བསགས་པའི་སྡིག་སྒྲིབ་མ་ལུས་པ་ཟད་པར་འགྱུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ༔
རྒྱ་གར་སྐད་དུ༔ ཨརྱ་པྲ་ཛྙྰ་པྰ་ར་མི་ཏྰ་སཉྩ་གྰ་ཐྰ་གརྦྷ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་སྙིང་པོ༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ ཏདྱ་ཐྰ༔ ཨོཾ་ག་ཏེ་ག་ཏེ༔ པྰ་ར་ག་ཏེ༔ པ་ར་སཾ་ག་ཏེ༔ བོ་དྷི་ཡེ་སྭྰ་ཧྰ༔ འཕགས་པ་སྡུད་པ་བཏོན་པ་དང་མཉམ་མོ༔
རྒྱ་གར་སྐད་དུ༔ ཨྰརྱ་མཉྫུ་ཤྲྰི་ཏནྟྲ་གརྦྷ༔ བོད་སྐད་དུ༔ འ།གས་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་༔ འཇམ་དཔལ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ན་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུས༔ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྫོགས་སོ༔
རྒྱ་གར་སྐད་དུ༔ བྷ་ག་ཝྰ་ཏྰི་པྲ་ཛྙྰེ་པྰ་ར་མི་ཏྰ་ཧྲི་ད་ཡ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མ་ལ་ཕྱག་འཚལ་ལོ༔ འདི་ལྟ་སྟེ༔ ཨ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨུ་པ་རི་ཤུདྡྷ་ནྰ་མ་དྷ་ར་ཎྰི༔ བོད་སྐད་དུ༔ ཡོན་ཡོངས་སུ་སྦྱོང་པ་ཞེས་བྱ་བའི་གཟུངས༔ ན་མཿ ས་མནྟ་བྷ་དྲ་ཡ༔ བྷོ་དྷི་ས་ཏྭ་ཡ༔ མ་ཧྰ་ས་ཏྭ་ཡ༔ མ་ཧྰ་ཀ་རུ་ཎི་ཀྰ་ཡ༔ ཏདྱ་ཐྰ༔ ཨོཾ་ན་མོ་བྷ་ར་བྷ་ར་ས་ཏྭ་ཡ་སྭྰ་ཧྰ༔ ལན་གསུམ་བརྗོད་ན་མཚམས་མེད་ལྔའི་སྡིག་པ་འདག་པར་འགྱུར་རོ༔ བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་རྫོགས་སོ༔
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་པས་སྲོག་བཅད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་དབང་གི་སྟོབས་ལ་ཕྱག་འཚལ་ལོ༔ མི་ཚངས་པར་སྤྱད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཟླ་འོད་སྐྱབས་གནས་དམ་པ་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ མནའ་ཐོན་པའི་སྡིག་པ་འདག་སྟེ་ཚེ་འཕེལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་དུལ་བ་ཕ་རོལ་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚུལ་ཁྲིམས་འཆལ་བའི་སྡིག་པ་དག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ་ཕྱག་འཚལ་ལོ༔བཀའ་འགྱུར་ཆེན་མོ་ཀློག་པའི་དགེ་བ་དང་མཉམ་མོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚོང་ཁེ་སྤོགས་བྱས་པའི་སྡིག་པ་འདག་པར་གསུངས་སོ༔ མདོར་ན་དམ་པའི་ཆོས་སྤངས་པ་དང་༔ འདོད་ལོག་སྤྱད་པ་དང་༔ དད་ཟས་འཚལ་བ་དང་༔ གསུང་རབ་ཀྱི་སླུས་འཚལ་བ་དང་༔ སྡིག་པའི་ལས་བགྱིས་པ་དེ་དག་སངས་རྒྱས་སྟོང་གི་སྤྱན་སྔར་བཤགས་ཀྱང་སྡིག་པ་འདག་པ་མ་གསུང་ཏེ༔ གཟུངས་འདི་དང་སངས་རྒྱས་ཀྱི་མཚན་འདི་རྣམས་བྲིས་ཀློག་བྱས་པས་སྡིག་པ་ཐམས་ཅད་བཤགས་པ་དང་༔ སྒྲིབ་པ་མ་ལུས་པ་འདག་པར་འགྱུར་རོ༔
མ་ཧྰ་གུ་རུ་པདྨ་འབྱུང་གནས་རྔ་ཡབ་ཏུ་གཤེགས་ཁར་དུས་སྙིགས་མར་་བོད་ཀྱི་མི་རྣམས་རིམས་གྲོར་བཀའ་འགྱུར་ཀློག་འདོན་ལ་མི་ཐོན་པ་རྣམས་ཀྱི་དོན་དུ་ཡི་གེ་བཀོད་ནས་ལྷོ་བྲག་གནམ་སྐས་ཅན་ཏུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཕྱིས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཏོན་ཏེ་འགྲོ་དོན་རྒྱ་ཆེན་མཛད་པ་ལགས་སོ།། །།
དཔལ་དགྱེས་པ་རྡོ་རྗེས་རིག་མཛོད་ནང་དུ་དཔར་བསྐྲུན་ཞུས་པས་དགེ་བས་བདག་སོགས་འགྲོ་བའི་སྒྲིབ་བྱང་ཚོགས་རྫོགས་རྣམ་མཁྱེན་སངས་རྒྱས་རིན་པོ་ཆེའི་གོ་འཕང་དམ་པ་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ །

0 comments:

ཟིན་བྲིས་འཚོལ་ཡུལ