དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 7 May 2011
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །
འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །
ཨོཾ་ཨྰཿཧྰུཾ་ཧྲྰི།
རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་རྒྱ་མཚོའི་འབྱུང་གནས་ཀྱི་རང་བཞིན། །འཕགས་ཚོགས་དགེ་འདུན་རྒྱ་མཚོའི་མངའ་བདག་གི་ཐུགས་རྗེ་ལྡན་པའི་འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་དམ་པ་མཚུངས་མེད་འགྲོ་བའི་མགོན་པོ་སྐྱབས་རྗེ་༧ཐམས་ཅད་མཁྱེན་པའི་དབུ་མཛད། །ལུང་རིགས་སྨྲ་བའི་དབང་ཕྱུག་མཁས་མང་འདུས་པ་རིན་པོ་ཆེའི་སྙན་དབང་གསེར་གྱི་འཁོར་ལོ་རྩིབས་སྟོང་གི་དྲུང་དང་།རྒྱལ་ཕྱི་ནང་གི་དྲྭ་གྲོགས་དུ་མ་འདུས་པའི་འཕྲུལ་རྩལ་རིག་པ་སྨྲ་བའི་གྲོགས་པོ་ཀུན་ལ་སྐབས་སུ་བབ་པའི་གཏམ། དུས་སུ་སྨིན་པའི་ཆར། ཡས་གཏམ་དམ་པ་ཆོས་ཀྱི་འབྱུང་གནས་དང་། མས་གཏམ་འཇིག་རྟེན་མི་ཡི་ལོ་རྒྱུས་མང་པོ་ཡོད་པས་སྨོས་ཀྱི་མི་དགོས། སྨོས་ཅི་མི་ལོངས་སོ། །མདོར་བསྡུས་ཅུང་ཟད་ཀྱི་དབང་དུ་བྱས་ནས་བརྗོད་ན། སྔོན་བྱུང་གི་ལོ་རྒྱུས་དང་། ད་སྲིད་ཀྱི་གནས་ཚུལ་གཉིས་ཡོད་པ་ལས། དང་པོ་ལ་གོང་བླ་མ་ཆེ་བའི་རྣམ་ཐར་དང་། མདུན་ཡོན་བདག་གི་སྐྱེས་ཐང་གི་དར་རབས་དང་གཉིས་ལས། དང་པོ་སྤྱིར་མི་མཇེད་འཇིག་རྟེན་ཞིང་འདིས་མགོན་པོ། ཁྱད་པར་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཉམ་མེད་ཤྰཀྱ་ཐུབ་པའི་དབང་པོ་དེ་ཉིད་ངེས་པའི་དོན་དུ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང་། བདག་ཅག་སྙིགས་དུས་སེམས་ཅན་རྣམས་འདུལ་བའི་ཐབས་སུ་མཆོག་གིས། དང་པོ་དགེ་བ་བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་དགེ་བ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། །ཐ་མར་དགེ་བར་རྡོ་རྗེ་གདན་བྱང་ཆུང་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། མཐར་ངེས་པར་ལེགས་པ་དང་གསང་སྔགས་རྒྱུད་སྡེ་དང་བཅས་པ་གསུངས་སོ། ། དོན་ལ་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོའམ་རྡོ་རྗེ་འཆང་ཆེན་པོ་དང་། རྡོ་རྗེ་སེམས་དཔའ་དང་རྣམ་པ་སྣང་མཛད་སོགས་རྒྱལ་བ་རིགས་ལྔའི་སྐུར་བཞེངས་ནས། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་བློ་རིག་གམ། དབང་པོ་ཐ་མ་དང་། འབྲིང་དང་། རབ་ལ་སོ་སོའི་བསམ་པ་དང་མཐུན་པར་སྣང་བའི་རིམ་པའམ། ཆེ་འབྲིང་ཆུང་གི་ཐེག་པ་གསུམ་དུ་སྣང་བ་ལས། འདིར་ཐད་ཀར་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་འགོད་པར་མཛད་པའི་ལམ་མཆོག་ཏུ་གྱུར་པ་ལས། གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་།ཡང་གསང་ནང་རྒྱུད་ཀྱི་སྐོར་རྣམས་རྒྱ་གར་འཕགས་པའི་ཡུལ་དང་།ཨོ་རྒྱན་གྱི་ཡུལ་དང་།སིང་ག་ལའི་གླིང་སོགས་ས་སྤྱོད་དང་མཁའ་སྤྱོད་ཀྱི་གནས་སུ་གསན་བསམ་མཛད་ནས་འཕགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དང་།མཆོག་གི་རིག་འཛིན་ཆེན་པོ་བརྒྱད་སོགས་ཀྱིས་གདན་དྲངས་ནས་མི་ཡུལ་འདིར་དར་བར་མཛད་དོ། །ཁྱད་པར་དུ་བོད་གངས་ཅན་གྱི་ལྗོངས་འདིར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་རིང་ལ་དམ་པ་ཆོས་ཀྱི་སྲོལ་བཏོད།གཙོ་བོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ལྷ་གཅིག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུབ་པའི་རྒྱལ་ཚབ་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང་།ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་སམ་བྷ་གདན་དྲངས་ཤིང་།བོད་ཡུལ་གྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ནས་ས་གཞིར་བྱིན་རླབས་མཛད། བསླབ་པའི་གནས་དང་སྐྱབས་འགྲོ་ལ་བཀོད་ཅིང་སྐལ་ལྡན་ཀུན་ལ་དབང་བསྐུར་དང་རྒྱུད་བཤད་དེ་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ངམ་དཔལ་བསམ་ཡས་གཞལ་མེད་ཁང་ཆེན་པོ་རྟེན་དང་་་

མུ་འགོད

0 comments:

ཟིན་བྲིས་འཚོལ་ཡུལ