དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 6 May 2011

གཟིམ་ལམ་ནང་གི་ཟངས་མདོག་དཔལ་རིར་ཕེབས།


༄༅༅། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་པདྨ་དྲག་སྔགས་གླིང་པ་ཉིད་རྨི་ལམ་འོད་གསལ་གྱིས་སྤྲུལ་བསྒྱུར་ངང་ཟངས་མདོག་དཔལ་གྱི་རི་བོར་ཕེབས་ཤིང་པད་འབྱུང་དང་སེང་ཆེན་སོགས་མཇལ་བའི་གསུང་མཆིད་བཞུགས་སོ༔ ༔ བསྐལ་བ་ལྕགས་སྟག་ལོ་བསྙེན་མཚམས་ཞིག་ལ་གནས་ཡོད་པའི་སྐབས་དགུན་ཟླ་ར་བའི་ཚེས་གཅིག་གཉིད་དུ་སོང་བའི་རྨི་ལམ་དུ༔ བུད་མེད་རྒོད་ཀྱི་ཐུལ་ཕྲན་གྱི་ཐུལ་བ་གཡང་བེར་གསོལ་བ་ཞིག་གིས་འདི་ཟེར༔ ཨ་ཧོ༔ ཀ་དག་སྤྲོས་བཐའ་བྲལ་བའི་པདྨ་འོད་ན༔ རང་རིག་དོན་དམ་བརྫུས་སྐྱེས་རིག་འཛིན་རྒྱལ་བོ༔ ཉིད་ལས་མི་གཞན་སྟོན་འཁོར་དགོངས་མཉམ་ཚོགས་ལ༔ བརྡ་དང་བརྡ་ཡི་ཚུལ་གྱིས་ཐེག་ཆེན་སྟོན་དེ༔ གནས་གསུམ་མ་དང་མཁའ་འགྲོས་སྤྲོ་བསྡུ་བྱེད་ཅིང༔ ཨེ་ཝྃ་བདེ་སྟོང་སྙོམས་པའི་ལམ་ལ་ཞུགས་ནས༔ ཟླ་བ་འོད་དཀར་བཅུ་དྲུག་སྒྱུ་རྕལ་ངོམ་ཞིང༔ ཉི་མ་བཅུ་གཉིས་འགྲོས་ཀྱི་རྟ་ལ་བསྐྱོན་ནས༔ བརྩེ་ཆེན་དགའ་བ་བཞི་ཡི་གྲོགས་དང་འགྲོགས་ཏེ༔ གདོད་མའི་ཟུང་འཇུག་རྒྱལ་སར་སྙེགས་པ་ཨེ་མཐོང༔ ཁྱོད་ཀྱང་རིག་འཛིན་དེ་ཡི་ཤུལ་ལམ་མཐོང་ན༔ གནས་མཆོག་དྷ་ན་ཀོ་ཤ་དྲག་ཤུལ་གླིང་ན༔ རིག་འཛིན་ནོར་བུ་དགྲ་འདུལ་དཔའ་བརྟུལ་ཚོགས་རྣམས༔ ད་ལྟ་སྔོན་ལྟར་མངོན་སུམ་བཞུགས་ནས་ཡོད་ཀྱང༔ རང་ངོ་རང་གི་མ་མཐོང་རྨོངས་པའི་ཆ་ཡིས༔ སྔོན་བརྩེའི་རྗེ་འབངས་ཚོགས་ཀྱི་ཞལ་རས་སྒྲིབ་པས༔ མྱུར་བར་གདུང་ཆེན་བརྩེ་བའི་སེམས་དང་འགྲོགས་ཏེ༔ རིག་འཛིན་རྒྱལ་བོའི་མདུན་གྲལ་སྙེག་ལ་ཨེ་སྤྲོ༔ ཞེས་ཟེར་ཚེ་རང་ནས་འདི་སྨྲས༔ ཀྱེ་ཀྱེ་སྔོན་ནས་བརྩེ་བའི༔ ཌྰ་ཀྐི་རྒོད་ལྕམ་དཀར་མོ༔ དགྱེས་པའི་ཞལ་བཟང་ངོམ་ཅིང༔ བརྡ་གླུའི་རོལ་མོ་འཁྲོལ་ཚེ༔ སྔོན་གནས་རྗེས་སུ་དྲན་པའི༔ ཉི་གཞོན་གསར་དུ་འཆར་བྱུང༔ རང་རིག་དོན་དམ་རྒྱལ་བོ༔ རིག་འཛིན་ནོར་བུ་དགྲ་འདུལ༔ ཡེ་ནས་འབྲལ་བ་མེད་ཀྱང༔ གཞན་སྣང་མ་རིག་དབང་གིས༔ མཚན་དཔེའི་གསེར་ཞལ་མ་མཐོང༔ སྲས་ཆུང་རྒྱལ་བུ་ང་ཡང༔ རིག་འཛིན་རྒྱལ་བོའི་བཀའ་ལྟར༔ གདོས་བཅས་ལུས་ངན་བླང་སྟེ༔ མ་དག་་ཕྱི་ནང་སྣོད་བཅུད༔ གཟུང་འཛིན་སྒྲོག་གིས་བཅིང་ནས༔ སྲེད་ལེན་བདུད་ཀྱིས་བསླུས་པའི༔ ལས་ངན་དྭ་བུས་འཁྱམ་པ༔ སྐྱབས་མེད་མགོན་མེད་གཅིག་དུ༔ འགྲོ་དོན་ཡོང་བ་ཕར་ཞོག༔ སྐྱེ་འགྲོས་ལོག་པར་ལྟ་བས༔ མི་སྙན་སྐུལ་འདེབས་བྱེད་ཅིང༔ ལེགས་མཛད་རྟེན་འབྲེལ་ཟློག་པས༔ དོན་མེད་ཁོ་ནར་ཟད་དོ༔ དེ་ཕྱིར་འདུ་ཕུང་བཤིགས་ཏེ༔ རྒྱལ་མཆོག་ནོར་བུའི་མདུན་གྲལ༔ སྙོགས་པའི་བཀའ་གནང་སྩོལ་ཅིག༔ ཞེས་ཞུས་པ་དང་ཌྰ་ཀྐིས་འདི་ཟེར༔ ཨ་ཧོ་ཨེ་ཝྃ་ས་མ༔ སྲས་ཆུང་ལྷ་ཡི་ནོར་བུ༔ དམ་བཅས་ཡ་ལད་བགོས་ཏེ༔ ཐེག་མཆོག་ཅང་ཤེས་ལ་ཞོན༔ ཟབ་གཏེར་མཛོད་ཀྱི་བརྒྱན་པའི༔ རྒྱལ་སྲས་དམ་པ་ཁྱེད་ཀྱིས༔ སྔོན་གྱི་དམ་བཅའ་མ་བསྙེལ༔ གདོས་བཅས་ཤ་ཁྲག་ཕུང་པོ༔ ཡེ་ནས་ཡུམ་ལྔའི་དཀྱིལ་འཁོར༔ ཕྱི་ནང་སྣོད་བཅུད་ཐམས་ཅད༔ རྡོ་རྗེ་སྔགས་ཀྱི་གྲོང་ཁྱེར༔ གཟུང་འཛིན་སེམས་ཀྱི་འཆར་སྒོ༔ རང་གྲོལ་ཆོས་སྐུའི་ཡོ་ལང༔ སྔོན་ནས་ད་ལྟའི་བར་དུ༔ རྒྱལ་མཆོག་་ནོར་བུ་དམ་པའི༔ བརྩེ་ཆེན་ཐུགས་རྗེའི་ལྕགས་ཀྱུས༔ ནམ་ཡང་འདོར་བ་མེད་དོ༔ སྙན་དང་མི་སྙན་གཏམ་གྱི༔ གྲགས་སྟོང་བྲག་ཆ་འཁྲོལ་ཡང༔ ཡེ་གདེང་གསུང་གི་འཁོར་ལོ༔ བཟང་ངན་དེར་འཛིན་མ་མཆིས༔ དེ་ཕྱིར་རྒྱལ་སྲས་ཁྱོད་ཀྱང༔ དམ་བཅའ་བརྟན་པར་མཛོད་ཅིག༔ གསུངས་ནས་མིག་བར་སྣང་ལ་ཧྲིག་ཧྲིག་གཟིགས་ཅིང་གར་སྟབས་བསྒྱུརཏེ་ནམ་མཁའ་ལ་ཇེ་མཐོར་བྱོན་ཚེ༔ རང་ཡང་དེ་དང་མཉམ་དུ་འགྲོ་བར་བསམ་ཀྱང་མ་ནུས་པའི་ཚེ༔ ཌྰཀིས་ བུ་ཁྱོད་རླུང་བུམ་ཅན་བཟུང་ན་འགྲོ་ནུས་ཟེར་བ་ཐོས་པ་དང་མཉམ་དུ་རང་གིས་རླུང་ བཟུང་ཏེ་འཕུར་ནས་ཌྰ་ཀི་དང་མཉམ་དུ་ནམ་མཁའ་ལ་ཇེ་མཐོར་སོང་བས ་ཉི་མ་ལྷོ་ནུབ་ཕྱོགས་ལ་དཔག་ཚད་མང་པོ་ཞིག་སོང་བའི་མཐར༔ སྔར་མཐོང་མ
་མྱོང་བའི་ས་གཞི་ཡིད་དུ་འོང་བ༔ དབྱིབ་ཟླུམ་པོའི་རི་བོ་རྣམས་ཀྱང་བཀྲ་ཤིས་རྫས་རྟགས་ཀྱི་དབྱིབས་ཅན༔ སྨན་ཤིང་གི་ར་བས་ཕྱོགས་ཀུན་བསྐོར་བ༔ མདུན་ན་ཆུ་བོ་ཆེན་པོ་གཡུ་འབྲུག་འཕྲེད་ཉལ་བྱས་པ་ལྟ་བུ༔ དེའི་ས་གཞིའི་ལྟེ་བ་ན་མཆོད་རྟེན་རིན་ཆེན་སྣ་ཚོགས་ལས་བྱས་པ་འོད་ཟེར་འབར་ཞིང་ མིག་མི་བཟོད་པ་ཞིག་འདུག་པ་ལ༔ རང་ནས་ཌྰ་ཀི་ལ་ཅི་ཡིན་དྲིས་ཚེ་རང་བྱུང་གཟི་ཡི་མཆོད་རྟེན་ནམ༔ མཆོད་རྟེན་ཆེན་པོ་ཀ་ཎི་ཀ་ཞེས་པ་དེ་རེད༔ ཁྱེད་ཀྱི་ཕ་མཆོག་བླ་མ་ཡང་ད་ལྟ་འདི་ན་མཁའ་འགྲོའི་ཚོགས་དཔོན་བྱེད་ནས་ཡོད་ཟེར་ བ་ཐོས་པ་དང༔ རང་བཟོད་བླགས་མེད་པར་འགྲོ་འདོད་ཀྱིས་ཕྱིན་པ་དང༔ མཆོད་རྟེན་དེའི་ས་འཛིན་གྱི་སྟེང་ལ་གིང་ཆེན་བཅུ་དྲུག་གི་བཤུད་གླུ་འཐེན་ཅིང་ མང་པོ་བྲོ་འཁྲབ་པ༔ དེའི་སེང་ཁྲིའི་སྟེང་ལ་མཁའ་འགྲོ་སྡེ་ལྔས་ཌྰ་ཀིའི་བརྡ་གླུ་བསྒྱུར་བ༔ ཆོས་འཁོར་འཐད་ཀྱི་མཁའ་དབྱིངས་ལ་འཇའ་འོད་དང་སྤྲིན་དཀར་གྱི་ཀློང་ན་ལུས་ཕྱེད་ ཙམ་ཐོན་པའི་ལྷ་དང་ལྷ་མོ་མང་པོས་མཆོད་སྤྲིན་སྟོབས་པ༔ དེའི་ བུམ་སྒོའི་ནང་དུ་འཇའ་འོད་ཐིག་ལེ་ཐིག་ཕྲན་གྱིས་གང་བའི་ཀློང་དུ་༧ གཏེར་ཆེན་རིན་པོ་ཆེ་ཨ་པང་གཏེར་སྟོན་ཨོ་རྒྱན་ཕྲིན་ལས་གླིང་པ༔ དེ་ཉིད་སྐུ་སྔར་དང་འདྲ་བ་ལ་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུའི་སྣང་སྟོང་འོད་ཀྱི་ ལུས་ཅན་ཞིག་བཞུགས་འདུག་པ་ལ་མཇལ་བ་དང་༔ མཉམ་དུ་གཉིས་སྣང་གི་རྟོག་ཚོགས་རེ་ཞིག་ལ་འགགས༔ དེ་ནས་སྣང་བ་ཤིག་ཤིག་ཡོམ་ཡོམ་དུ་མཆེད་པ་ན་གཏེར་ཆེན་གྱིས་ཞལ་འཛུམ་བཞིན་བརྩེ་བས་གཟིགས་ཏེ་རང་ལ་འདི་སྐད་གསུངས༔ ཨ་ཧོ༔ གཞི་དབྱིངས་ཀ་དག་འོད་གསལ་མཁའ་ཀློང་ནས༔ ལྷུན་གྲུབ་འགགས་པ་མེད་པའི་རྩལ་སྣང་མཆེད༔ དཔེར་ན་ནམ་མཁའི་འཇའ་ཚོན་ཇི་བཞིན་དུ༔ དད་མོས་ལྡན་པའི་སྣང་ངོར་ཅི་ཡང་འཆར༔ ཁྱོད་ནི་ལས་སྨོན་དད་དང་དམ་ཚིག་ལྡན༔ དེ་ཕྱིར་ནམ་མཁའི་ཟླ་གཟུགས་ཤར་བ་ན༔ རྒྱ་མཚོ་ཀོ་མོག་ཆུ་ལ་འཕོ་བ་བཞིན༔ དག་པའི་སྣང་ངོར་འགག་མེད་འདི་ལྟར་ཤར༔ དོན་ལ་ཅི་ཡང་མ་གྲུབ་ཆོས་ཉིད་གཤིས༔ ཆོས་ཉིད་དོན་ཀྱི་བླ་མ་འབྲལ་མེད་ཀྱང༔ མ་རིག་གཞན་དུ་བཟུང་ནས་ཡོད་པར་སྣང༔ གླང་བོ་རྙེད་དེ་གླང་རྗེས་ཚོལ་བ་བཞིན༔ ཐ་དད་གཉིས་སུ་འཛིན་པ་ཤིན་ཏུ་བླུན༔ ཚོག་དྲུག་འཁོར་བའི་སྣང་ཆ་ཐམས་ཅད་ཀུན༔ སྣང་སྟོང་ཟུང་འཇུག་གདོད་ནས་ཞེན་འཛིན་བྲལ༔ སྒྱུ་མའི་རྟ་དང་གླང་པོ་ཅི་བཞིན་དུ༔ སྣང་ཚད་ཤར་གྲོལ་དུས་མཉམ་ཤེས་པ་ན༔ ཐེག་མཆོག་རྒྱལ་བོའི་ཡོན་ཏན་མངོན་དུ་གྱུར༔ གང་སྣང་ཐམས་ཅད་སྐུ་ཡི་འཁོར་ལོར་རྫོགས༔ སྒྲ་གྲགས་བསྟོད་དང་སྨད་པ་ཐམས་ཅད་ཀུན༔ གྲགས་པ་ཙམ་ནས་ངོ་བོ་རང་སར་སྟོང༔ རང་སྟོང་བྲག་ཆ་ལྟ་བུར་འཛིན་ཞེན་མེད༔ གྲགས་སྟོང་བརྗོད་བྲལ་གསུང་གི་དཀྱིལ་འཁོར་རྫོགས༔ དོན་དམ་བླ་མའི་གསུང་གི་རང་སྒྲ་ཤར༔ འཁྲུལ་རྟོག་བཟང་ངན་མཆེད་པ་ཐམས་ཅད་ཀུན༔ ཆོས་ཉིད་དབྱིངས་ལས་ཤར་དེ་དབྱིངས་ལ་ཐིམ༔ དཔེར་ན་རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན༔ རང་ཤར་རང་གྲོལ་ཆོས་སྐུའི་ཡོ་ལང་ཉིད༔ བསྐུལ་ཐོབ་མེད་ཅིང་སྤང་བླང་མཚན་མ་བྲལ༔ འཁོར་འདས་གཞི་གྲོལ་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ དོན་དམ་བླ་མའི་ཐུགས་ཀྱི་ཡེ་ཤེས་སོ༔ དེ་ལྟར་བླ་མ་གདོད་ནས་འདུ་འབྲལ་མེད༔ ཕ་ཞལ་བུ་ཡིས་མི་མཐོང་ཤིན་ཏུ་བླུན༔ ཨེ་མ་ཨེ་མ་མ་རིག་ཚང་རེ་ཆེ༔ བུ་ཁྱོད་ཨོ་རྒྱན་ཆེན་པོ་པད་མ་ཡིས༔ ཟབ་གཏེར་སྒོ་འབྱེད་མངའ་གསོལ་གཟེངས་བསྟོད་ན༔ རང་སྐལ་མ་ཞན་བསྒྲུབ་པ་སྙིང་རུས་ཀྱིས༔ དང་པོ་བསྒྲུབ་པ་རང་ཉམས་མ་ལོན་པར༔ གཞན་ལ་སྤེལ་ན་ཆོས་ཀྱི་ཚན་ཁ་ཉམས༔ ཁ་མང་ཅོལ་ཆུང་བདུད་ཀྱིས་མ་བསླུ་བར༔ དེ་ཕྱིར་རང་ཉམས་བླང་བ་ཤིན་ཏུ་གཅེས༔ པདྨའི་ཕ་ཕོག་ཟབ་གཏེར་སྒོ་འབྱེད་ཚེ༔ མ་དང་མཁའ་འགྲོའི་ཁ་བྱང་སྙིང་བྱང་བཞིན༔ གཡོ་མེད་གཟུ་བོར་གནས་པའི་བློ་སེམས་ཀྱིས༔ རྩེ་གཅིག་ཨོ་རྒྱན་རྗེ་ལ་བློ་བཅོལ་ན༔ བར་ཆད་མེད་ཅི

0 comments:

ཟིན་བྲིས་འཚོལ་ཡུལ