དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 6 May 2011
༄༅། །གསལ་སྒྲོན་དང་རྨི་ལམ་ཞིག །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
སྐྱབས་གནས་བསླུ་མེད་ཀུན་འདུས་ཆོས་ཀྱི་རྗེ། །
ཡིད་བཞིན་ནོར་བུ་མཆོག་ལ་གསོལ་བ་འདེབས། །
དྲན་ཤེས་བག་ཡོད་གསལ་བའི་སྒྲོན་མེ་འདི། །
མཁས་བླུན་ཀུན་ལ་ཐོབ་པར་བྱིན་གྱིས་རློབས། །
འབྲལ་མེད་རྒྱུན་དུ་འགྲོག་པའི་རྣམ་ཤེས་ལ། །
བག་མེད་བརྗེད་ངེས་གཡེང་བའི་འགྲོ་བ་དག །
བསླུ་མེད་ལས་འབྲས་གནས་ལ་ཡིད་ཆེས་ནས། །
མཚུངས་མེད་ཐར་བའི་གོ་འཕང་མྱུར་ཐོབ་ཤོག །
བསྟན་འགྲོ་སྤྱི་ཕན་ཡོད་ན་ལྷག་བསམ་ཡིན། །རང་འདོད་ཞེན་ཆགས་མེད་ན་ཆོས་པ་ཡིན། །འཁོར་འདས་ཁྱད་པར་ཤེས་ན་མཁས་པ་ཡིན། །བྱང་ཆུབ་སེམས་མཆོག་ལྡན་ན་གྲུབ་ཐོབ་ལགས། །
སྐྱབས་གནས་བསླུ་མེད་ཀུན་འདུས་ཆོས་ཀྱི་རྗེ། །
ཡིད་བཞིན་ནོར་བུ་མཆོག་ལ་གསོལ་བ་འདེབས། །
དྲན་ཤེས་བག་ཡོད་གསལ་བའི་སྒྲོན་མེ་འདི། །
མཁས་བླུན་ཀུན་ལ་ཐོབ་པར་བྱིན་གྱིས་རློབས། །
འབྲལ་མེད་རྒྱུན་དུ་འགྲོག་པའི་རྣམ་ཤེས་ལ། །
བག་མེད་བརྗེད་ངེས་གཡེང་བའི་འགྲོ་བ་དག །
བསླུ་མེད་ལས་འབྲས་གནས་ལ་ཡིད་ཆེས་ནས། །
མཚུངས་མེད་ཐར་བའི་གོ་འཕང་མྱུར་ཐོབ་ཤོག །
བསྟན་འགྲོ་སྤྱི་ཕན་ཡོད་ན་ལྷག་བསམ་ཡིན། །རང་འདོད་ཞེན་ཆགས་མེད་ན་ཆོས་པ་ཡིན། །འཁོར་འདས་ཁྱད་པར་ཤེས་ན་མཁས་པ་ཡིན། །བྱང་ཆུབ་སེམས་མཆོག་ལྡན་ན་གྲུབ་ཐོབ་ལགས། །
དེ་རིང་གི་རྨི་ལམ་ཞིག །
དུང་ཟླ་དཀར་པོ་སྒྲ་གཅན་ཁ་རུ་སོང་། །
ཁྲི་གདུགས་ཉི་མ་དབང་གི་རི་ལ་བརྒལ། །
རྒྱུ་སྐར་ཚོགས་པ་སྤྲིན་ནག་མུན་པས་སྒྲིབ། །
འཇིག་རྟེན་མུན་པ་ཐང་གཅིག་འཆར་བ་རྨིས། །
༢༠༡༠ ༦ ༡༨ ཤྲྰིས་སོ། །
དུང་ཟླ་དཀར་པོ་སྒྲ་གཅན་ཁ་རུ་སོང་། །
ཁྲི་གདུགས་ཉི་མ་དབང་གི་རི་ལ་བརྒལ། །
རྒྱུ་སྐར་ཚོགས་པ་སྤྲིན་ནག་མུན་པས་སྒྲིབ། །
འཇིག་རྟེན་མུན་པ་ཐང་གཅིག་འཆར་བ་རྨིས། །
༢༠༡༠ ༦ ༡༨ ཤྲྰིས་སོ། །
Subscribe to:
Post Comments (Atom)
0 comments:
Post a Comment