དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 6 May 2011
༄༅། །དུས་འཁོར་གཏེར་གསར་གྱི་སྨོན་ལམ། །
                                           ན་མོ་བུདྡྷ་ཛྙྰ་ན་ཤྲྰི་ཀྰ་ལ་ཙཀྲ་ཡེ། །
                                  ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །
འོད་གསལ་སྒྱུ་འཕྲུལ་རོལ་བར་དུས་འཁོར་ལྷ། །
བསམ་ཡས་འགྲོ་ཀུན་འདྲེན་མཛད་སྐུ་གསུམ་བདག །
དབྱེར་མེད་སངས་རྒྱས་ཡེ་ཤེས་རྒྱལ་གྱུར་ཅིག །

མཁྱེན་རབ་དབང་ཕྱུག་རིག་འཛིན་རྣམ་བཞིར་བགྲོད། །
བརྩེ་ཆེན་ཐུགས་རྗེས་རྣམ་བཞིའི་འཁོར་ཚོགས་འདྲེན། །
ཟབ་རྒྱས་ཆོས་འཁོར་བདེན་བཞིའི་ལམ་སྟོན་མཁན། །
དངོས་བརྒྱུད་དཀོན་མཆོག་རྣམ་བཞིས་སྨིན་གྲོལ་ཤོག །

ཀུན་བཟང་ཆོས་སྐུའི་བླ་མ་རང་ཞལ་མཇལ། །
ལྷུན་གྲུབ་ལོངས་སྤྱོད་འཁོར་ལོའི་བརྡ་གླུ་ཤར །
སྣ་ཚོགས་དག་པའི་སྣང་བ་རྟག་བརྟན་ནས། །
མཁའ་ཁྱབ་འགྲོ་ཀུན་སྨིན་གྲོལ་འགོད་ནུས་སྨོན། །

རྒྱལ་བ་དགོངས་བརྒྱུད་བླ་མ་ཐུགས་རྗེ་ཅན། །
རིག་འཛིན་བརྡ་བརྒྱུད་བླ་མ་བྱིན་རླབས་ཅན། །
གང་ཟག་སྙན་བརྒྱུད་བླ་མ་བཀའ་དྲིན་ཅན། །
བརྒྱུད་གསུམ་རིག་འཛིན་བླ་མས་རྟག་སྐྱབས་སྨོན། །

གཞི་དབྱིངས་སེམས་རིག་ཤན་འབྱེད་ལྷག་གེར་མཐོང་། །
ལམ་བཟང་རྣལ་འབྱོར་སྦྱོར་དྲུག་མཐར་ཕྱིན་ནས། །
འབྲས་བུ་གསུམ་བྲལ་བཞི་ཆའི་དེ་ཉིད་རྟོགས། །
སངས་རྒྱས་ཡེ་ཤེས་འགྲོ་བའི་དཔལ་དུ་སྨོན། །

སྣང་སྟོང་ཀློང་ཆེན་ཡངས་པའི་ལྟ་བ་རིག །
ཨེ་ཝྃ་བདེ་ཆེན་གསལ་བའི་སྒོམ་པ་འཛིན། །
རིག་སྟོང་རྫོགས་ཆེན་ལྟ་སྤྱོད་རིང་ལུགས་མཆོག །
སྲིད་མཐའི་བར་མི་ནུབ་འཕེལ་བར་སྨོན། །

བཅོམ་ལྡན་ཤྰཀྱ་སེངྒེའི་བསྟན་པ་ཉིད། །
རིགས་ལྡན་བརྒྱུད་གསུམ་བླ་མར་ལེགས་བརྒྱུད་པའི། །
ཀུན་འདུས་རྒྱལ་བ་པདྨ་ཀ་ར་ཡི། །
ཟབ་རྒྱས་བཀའ་གཏེར་བསྟན་པའི་དཔལ་འབར་སྨོན། །

ཕྱི་སྣོད་རྒྱུ་སྐར་གོ་ལའི་རྟེན་འབྲེལ་བཟང་། །
ནང་བཅུད་འགྲོ་བ་ཞི་བདེའི་དཔལ་ལ་རོལ། །
གསང་ཆེན་སྦྱོར་དྲུག་ཚེ་ཆོས་མཐར་ཕྱིན་ནས། །
ཡང་གསང་རྫོགས་ཆེན་བསྟན་པ་དར་རྒྱས་སྨོན། །
ཞེས་པ་འདི་ནི་སྙིང་གྲོགས་དམ་པ་རིག་པའི་རྡོ་རྗེས་ཡང་ཡང་བསྐུལ་བ་དང་རྨི་ལམ་བཟང་པོའི་རྐྱེན་ལ་བསྟེན་ནས་བོད་རབ་གནས་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཟླ་བ་ཉ་ཡོངས་སུ་གང་བའི་དུས་ཆེན་ལ་ལྷག་བསམ་རྣམ་པར་དག་པས་ཀུན་ནས་སློང་སྟེ་དབྱིག་ལེན་གྱི་ཤར་ཕྱོགས་གླིང་ཕྲན་ལྷག་ལྷའི་ཨེ་ཝྃ་རི་ཁྲོད་རིག་འཛིན་དགའ་ཚལ་ནས་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་གསོལ་བ་འདེབས་པ་དགེའོ། ། བིརྱ་དྷྰ་ར་ཤྲྰི་ཀྰ་ལ་ཙཀྲ་བི་ཛ་ཡནྟུ།། །། ༢༠༡༠ ༢  ༢༨
 

0 comments:

ཟིན་བྲིས་འཚོལ་ཡུལ