དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 6 May 2011
༄༅། །ཉམས་ལེན་སྙིང་པོ་ཆིག་སྒྲིལ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཀུན་གཞི་བདེ་གཤེགས་ལྟ་བའི་ཐེག་ཆེན་དང་། །
རང་རིག་བདེ་གསལ་མི་རྟོག་ཕྱག་ཆེན་དོན། །
ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་པའི། །
མཁྱེན་བརྩེའི་ཁྱབ་བདག་རྩ་བརྒྱུད་བླ་མ་རྒྱལ། །

དལ་འབྱོར་མི་རྟག་སྒྱུ་མའི་ལང་ཚོ་ལ། །
སྙིང་པོའི་དམ་ཆོས་འདོད་པའི་སྐལ་བཟང་དོན། །
རྒྱལ་སྲས་ལག་ལེན་མདོར་བསྡུས་སྙིང་གི་གཏམ། །
དད་བརྩོན་ལྡན་པའི་བསྐུལ་ངོར་ཆོས་སྦྱིན་སྤྲོ། །

དང་པོ་ཕྱག་འཚལ་ཨོཾ་ཨྰཿཧྰུྃ་ཧྲྰིཿབཟླས། །
མཆོག་གསུམ་ཕྲིན་ལས་ཡིད་ལ་ཡང་ཡང་སྒོམ། །
སྒོ་གསུམ་ཞི་དུལ་ལྷག་མཐོང་ངང་དུ་བཞག །
སོར་བྱང་སྔགས་ཀྱི་སེམས་མཆོག་བསྐྱེད་པར་བྱ། །

བར་དུ་རྣམ་སྣང་ཆོས་བདུན་བཞུགས་སྟངས་བཅས། །
རང་བབ་ངང་ནས་སྲིན་མཛུག་གཡས་གཡོན་གྱིས། །
སྣ་དབུགས་གཡས་གཡོན་གཏོང་དགག་ཆ་མཉམ་པར། །
ལན་གསུམ་འབུད་པས་སྒྲིབ་ཀུན་བྱང་བར་བསམ། །

དེ་ནས་རིགས་ལྔའི་སྔགས་རྒྱས་དབང་བཞི་ལེན། །
སྐུ་ལྔའི་རྣལ་འབྱོར་རྩལ་སྦྱང་རང་ངོར་སྐྱོང་། །
ལུས་སྦྱང་ཉེར་གཅིག་དག་ལ་ལེགས་འབད་ནས། །
སྒོ་གསུམ་རང་བབ་ངང་དུ་ཅི་གནས་བཞག །

མཐར་ཕྱིན་དུས་གསུམ་བསགས་ཡོད་དགེ་ཚོགས་ཀུན། །
ཀུན་བཟང་མཆོད་པའི་སྤྲིན་གྱིས་རྒྱས་བཏབས་ཏེ། །
རྒྱལ་བ་མཆོད་དང་འགྲོ་ཀུན་ཕན་བདེར་བསྔོ། །
འཁོར་གསུམ་དམིགས་མེད་ངང་དུ་མཉམ་པར་བཞག །

སྤྱོད་ལམ་རྣམ་བཞིའི་རྒྱན་གྱི་ཉམས་ལེན་རྣམས། །
རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ་རུ་སྨོན། །
དད་འདུན་དམ་བཅའ་གསོལ་འདེབས་དྲན་ཤེས་ཀྱིས། །
བག་ཡོད་མི་ཚེའི་ཉི་མ་དོན་ལྡན་མཛོད། །

ཅེས་པའང་ལྷག་ལྷའི་ཆོས་ཚོགས་ནས་ཏྰ་རེ་ལྷ་མོས་བསྐུལ་ངོར་ཤྲྰིས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ