དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 6 May 2011
༄༅། །དུག་ལྔ་རང་གྲོལ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
དུག་ལྔ་རང་ངོ་མ་ཤེས་འགྲོ་ལྔ་རུ་འཁྱམས་ཞིང་། །
འབྱུང་ལྔའི་མ་དག་འཁྲུལ་བ་རྒྱུན་འབྱམས་སུ་གྱུར་ཀྱང་། །
སྙིགས་ལྔའི་མུན་ནག་ཀློང་ནས་སྣ་ལྔ་ཡི་འོད་ཟེར། །
སྐུ་ལྔ་ཡང་དག་རྒྱལ་བ་རིགས་ལྔ་ལ་གཟིགས་མཛོད། །
བླུན་རྨོངས་གཏི་མུག་ཆེ་བའི་གང་ཟག་གི་རིགས་དག །
སྐྱབས་གནས་བསླུ་མེད་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ། །
རང་ངོ་རང་གིས་ལྟོས་དང་རང་བཞིན་ཉིད་ཤེས་ན། །
རང་རིག་རྣམ་སྣང་ཡབ་ཡུམ་འདི་ཀ་རང་ལགས་སོ། །
དགྲ་ལ་ཞེ་སྡང་ཆེ་བའི་གང་ཟག་གི་རིགས་དག །
སྐྱབས་གནས་བསླུ་མེད་མེ་ལོང་ཡེ་ཤེས་ཀྱི་ངོ་བོ། །

རང་རིག་རྡོར་སེམས་ཡབ་ཡུམ་འདི་ཀ་རང་ལགས་སོ། །
རང་ལྷག་ང་རྒྱལ་ཆེ་བའི་གང་ཟག་གི་རིགས་དག །
སྐྱབས་གནས་བསླུ་མེད་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ། །

རང་རིག་རིན་འབྱུང་ཡབ་ཡུམ་འདི་ཀ་རང་ལགས་སོ། །
ཞེན་རྟོག་འདོད་ཆགས་ཆེ་བའི་གང་ཟག་གི་རིགས་དག །
སྐྱབས་གནས་བསླུ་མེད་སོར་རྟོགས་ཡེ་ཤེས་ཀྱི་ངོ་བོ། །

རང་རིག་སྣང་མཐའ་ཡབ་ཡུམ་འདི་ཀ་རང་ལགས་སོ། །
འགྲན་འདོད་ཕྲག་དོག་ཆེ་བའི་གང་ཟག་གི་རིགས་དག །
སྐྱབས་གནས་བསླུ་མེད་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ། །

རང་རིག་དོན་གྲུབ་ཡབ་ཡུམ་འདི་ཀ་རང་ལགས་སོ། །
རང་ངོ་མ་ཤེས་རང་སེམས་འཁོར་བ་རུ་འཁྱམས་ནས། །
རང་རྒྱུད་དུག་ལྔའི་རྟོག་པའི་གཞན་དབང་དུ་གྱུར་འདུག །
རང་ངོ་ཤེས་ན་རང་སེམས་མྱང་འདས་ཀྱི་ཞིང་ཁམས། །
རང་སྣང་རྣམ་དག་རང་བྱུང་རིག་པ་ཡི་རང་རྩལ། །
ངོ་ཤེས་རྩལ་རྫོགས་བརྟན་པ་ལེགས་ཐོབ་ཏུ་གྱུར་ཐབས། །
ཕྱི་ནང་ཡོངས་འཛིན་དམ་པའི་བཀའ་རྒྱ་ལ་བསྟེན་ན། །
ཚེ་གཅིག་འོད་སྐུར་གྲོལ་བའི་ལམ་བཟང་འདི་ཁོ་ནས། །
རང་རིག་ཆོས་སྐུའི་རྒྱལ་ས་ཟིན་པ་ཞིག་འདུག་གོ །ཞེས་པའང་༢༠༡༠ ༣ ༢༡ སྙིང་གྲོགས་པདྨ་ཀ་རས་བསྐུལ་བར་ལྟ་བུས་རྐྱེན་ལས་ཐོལ་བྱུང་དུ་ཤྲྰི་ཨ་ནནྟ་བཛྲས་བྲིས་པ་དགེའོ། །

Subscribe to:
Post Comments (Atom)
0 comments:
Post a Comment