དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 6 May 2011
༄༅། །ཐ་ཚིག་གི་སྐྱོ་གླུ །
ན་མོ་གུ་རུ་ཤྲྰི་ཨནནྟ་བཛྲ། །
སྟག་སྙིང་དཔའ་བོས་འཇིག་རྟེན་རྒོལ་ནུས་གཅིག །
ཀླུ་སྙིང་གདོལ་བས་སྐུ་སྒེར་རྩོད་ནུས་གཉིས། །
ཤྲྰི་སྙིང་དམ་པས་ཆོས་རྫུན་བསྣུབས་ནུས་གསུམ། །
གཟུར་གནས་དེ་འདྲ་ཡོད་ན་བསྟན་སྲིད་ཟིན། །
དེ་མིན་ངོ་དགའ་ཕྱུགས་པོའི་རྐུབ་བལྡག་གཅིག །
དཀོར་རྫས་ཟ་དགའ་རང་ཁྱིམ་ཡར་རྒྱས་གཉིས། །
མཆོད་འོས་བསླུ་ཞིང་འགྲོ་ལ་གཡོ་སྒྱུ་གསུམ། །
སུས་སྒྲུབ་དེ་ཚོ་དུད་འགྲོ་ཕྱུགས་དང་མཚུངས། །
ཕྱུགས་ཀྱིས་སྒྲུབ་ནའང་མི་དཀོན་པའི། །
མནོག་ཆུང་གང་ཡིན་དེའི་དོན་དུ། །
དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །
ལས་ཀྱི་མནར་བ་རྣམས་ཀྱིས་བཅོམ། །
རྒྱལ་བ་མཆོག་གི་བཀའ་རྣམས་དང་། །
བླ་མ་དམ་པའི་གདམས་ངག་དང་། །
རྒྱལ་སྲས་ཆེན་པོ་ཞི་བ་ལྷས། །
ཡང་ཡང་གསུངས་པ་ཨེ་དགོངས་སམ། །
སྙིང་གཏམ་བཤད་ན་གཡོ་གཏམ་གོ །
སྙིང་ལས་གཅེས་ན་དུག་ལས་ཐུ། །
སྙིང་གི་གྲོགས་པོ་རྣམ་པ་ལ། །
སྙིང་རྗེ་སྐྱེ་བའི་ཡུལ་ལས་ཅི། །
ད་ནི་དཔལ་དགྱེས་རྡོ་རྗེ་ངས། །
སྙིང་ཉེ་གྲོགས་པོའི་སྙིང་མི་དཀྲུག །
སྙིང་པོ་མེད་པའི་སྙིང་གྲོགས་ལ། །
སྙིང་ནས་ཞེན་པ་གཏིང་ནས་ལོག །
སྙིང་པོ་ཅན་གྱི་དམ་ཆོས་དང་། །
སྙིང་པོ་ལོན་པའི་དལ་འབྱོར་རྟེན། །
སྙིང་རྗེའི་བྱང་ཆུབ་སེམས་བསྐྱེད་དེ། །
སྙིང་ཐིག་སྙིང་པོའི་དོན་ལ་བརྩོན། །
དགེ་བས་བདག་བཞན་འགྲོ་བ་ཀུན། །
གནས་སྐབས་བདུད་བཞིའི་གཡུལ་ལས་རྒྱལ། །
མཐར་ཐུག་མངོན་པར་སངས་རྒྱས་ནས། །
ཀུན་བཟང་དག་པའི་ཞིང་དུ་སྨོན། །
ཞེས་པའང་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཁ་བ་ཅན་གྱི་སྤུན་ཟླ་གྲོགས་པོ་རྣམས་ལ་སྙིང་གཏམ་བཤད་ནའང་དེ་དག་གི་ངན་སྨོད་དང་གཡོ་སྒྱུ་རུ་གོ་བས་སྐྱོ་གཏམ་གླུ་རུ་བླངས་པ་དགེའོ། །༢༠༠༨ ༨ ༩ལའོ།།
ན་མོ་གུ་རུ་ཤྲྰི་ཨནནྟ་བཛྲ། །
སྟག་སྙིང་དཔའ་བོས་འཇིག་རྟེན་རྒོལ་ནུས་གཅིག །
ཀླུ་སྙིང་གདོལ་བས་སྐུ་སྒེར་རྩོད་ནུས་གཉིས། །
ཤྲྰི་སྙིང་དམ་པས་ཆོས་རྫུན་བསྣུབས་ནུས་གསུམ། །
གཟུར་གནས་དེ་འདྲ་ཡོད་ན་བསྟན་སྲིད་ཟིན། །
དེ་མིན་ངོ་དགའ་ཕྱུགས་པོའི་རྐུབ་བལྡག་གཅིག །
དཀོར་རྫས་ཟ་དགའ་རང་ཁྱིམ་ཡར་རྒྱས་གཉིས། །
མཆོད་འོས་བསླུ་ཞིང་འགྲོ་ལ་གཡོ་སྒྱུ་གསུམ། །
སུས་སྒྲུབ་དེ་ཚོ་དུད་འགྲོ་ཕྱུགས་དང་མཚུངས། །
ཕྱུགས་ཀྱིས་སྒྲུབ་ནའང་མི་དཀོན་པའི། །
མནོག་ཆུང་གང་ཡིན་དེའི་དོན་དུ། །
དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །
ལས་ཀྱི་མནར་བ་རྣམས་ཀྱིས་བཅོམ། །
རྒྱལ་བ་མཆོག་གི་བཀའ་རྣམས་དང་། །
བླ་མ་དམ་པའི་གདམས་ངག་དང་། །
རྒྱལ་སྲས་ཆེན་པོ་ཞི་བ་ལྷས། །
ཡང་ཡང་གསུངས་པ་ཨེ་དགོངས་སམ། །
སྙིང་གཏམ་བཤད་ན་གཡོ་གཏམ་གོ །
སྙིང་ལས་གཅེས་ན་དུག་ལས་ཐུ། །
སྙིང་གི་གྲོགས་པོ་རྣམ་པ་ལ། །
སྙིང་རྗེ་སྐྱེ་བའི་ཡུལ་ལས་ཅི། །
ད་ནི་དཔལ་དགྱེས་རྡོ་རྗེ་ངས། །
སྙིང་ཉེ་གྲོགས་པོའི་སྙིང་མི་དཀྲུག །
སྙིང་པོ་མེད་པའི་སྙིང་གྲོགས་ལ། །
སྙིང་ནས་ཞེན་པ་གཏིང་ནས་ལོག །
སྙིང་པོ་ཅན་གྱི་དམ་ཆོས་དང་། །
སྙིང་པོ་ལོན་པའི་དལ་འབྱོར་རྟེན། །
སྙིང་རྗེའི་བྱང་ཆུབ་སེམས་བསྐྱེད་དེ། །
སྙིང་ཐིག་སྙིང་པོའི་དོན་ལ་བརྩོན། །
དགེ་བས་བདག་བཞན་འགྲོ་བ་ཀུན། །
གནས་སྐབས་བདུད་བཞིའི་གཡུལ་ལས་རྒྱལ། །
མཐར་ཐུག་མངོན་པར་སངས་རྒྱས་ནས། །
ཀུན་བཟང་དག་པའི་ཞིང་དུ་སྨོན། །
ཞེས་པའང་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཁ་བ་ཅན་གྱི་སྤུན་ཟླ་གྲོགས་པོ་རྣམས་ལ་སྙིང་གཏམ་བཤད་ནའང་དེ་དག་གི་ངན་སྨོད་དང་གཡོ་སྒྱུ་རུ་གོ་བས་སྐྱོ་གཏམ་གླུ་རུ་བླངས་པ་དགེའོ། །༢༠༠༨ ༨ ༩ལའོ།།
Subscribe to:
Post Comments (Atom)
0 comments:
Post a Comment