དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 6 May 2011
མཐོང་ཐོས་དྲན་པའི་རྡོ་རྗེ། །
ཨེ་མ་ཧོ།
མཐོང་གྲོལ་སྐུ་ནི་ཡིད་འཕྲོག་ལང་ཚོ་འབར་བས་སྒེག་འཆང་མ་རྣམས་ཁབ་ལེན་རྡོ་ལ་ལྕགས་ཕྱེ་བཞིན་དུ་འདུ།།
ཐོས་གྲོལ་གསུང་ནི་མན་ངག་རྒྱ་མཚོས་ཕྱུག་པས་བརྒྱུད་འཛིན་བུ་སློབ་མཐའ་དག་རིམ་གཉིས་རྣལ་འབྱོར་གདེངས་ཆེན་བརྙེས།།
དྲན་གྲོལ་ཐུགས་ནི་རྡོ་རྗེའི་ས་མཆོག་བརྙེས་པས་རང་སྣང་འོག་མིན་གནས་སུ་ཀུན་བཟང་ཆོས་སྐུའི་འཁོར་ལོས་བསྒྱུར།།
བརྒྱུད་གསུམ་བླ་མའི་དོན་གྱི་ཞལ་སྐྱིན་ཆེན་པོ་སྐུ་ཚེ་བརྟན་ཞིང་མཛད་པ་ཕྲིན་ལས་ནམ་མཁའི་མཐར་ཁྱབ་ཤོག།
ཅེས་པ་སྐྱབས་རྗེ་འཇིགས་མེད་བློ་གྲོས་ནས་བདག་ལ་བྲིས་པ་ཞིག་འདིར་ཡང་སྐྱར་དུ་ཤྲྰིས་འདིར་བཀོད་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ