དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 4 May 2011
སྙིང་གཏམ་བློ་ལྡན་མ། །
ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཞེས་པ་དེ་རེད།
ཆོས་ལ་ཕྱོགས་རིས་མེད་པར་དངོས་པོའི་གཤིས། །དོན་ལ་རང་དབང་སྒྲུབ་པའི་སྐལ་བཟང་ལ། །མི་ཚེ་ཉི་མ་ཆོས་ལ་ལེགས་བརྩོན་དང་། །རང་འབྲས་བླ་མེད་ཐོབ་པར་གདོན་མི་ཟ། །སྐྱོ་བ་སྐྱེ་ན་ངེས་འབྱུང་ངང་གི་སྐྱེ། །འཁོར་འདས་རིག་གཞུང་སློབ་ན་མཁྱེན་པ་སླ། །མཁོར་འདས་ཡོན་ཏན་རིག་པའི་ནང་ནས་འཁྲུངས། །ཉམས་རྟོགས་གོང་འཕེལ་རང་གཤིས་ནང་ནས་རྙེད། །རིག་གཞུང་སྙིང་པོ་ཚོལ་ཅིག་སྙིང་གི་གྲོགས། །རང་གཤིས་ནང་ནས་རིག་པའི་རྣལ་འབྱོར་བར། །འཁོར་འདས་རིག་པའི་རྣམ་དཔྱོད་དཔལ་འབར་ཤོག དུས་ཚོད་ཡིད་བཞིན་ནོར་བུ་རིམ་གྱིས་ཟད། ཤེས་བྱ་རིག་པའི་དཔལ་ཡོན་ངང་གིས་འཕེལ། །འཁོར་འདས་འབྱེད་པའི་ས་འཚམས་ལེགས་མཁྱེན་ན། །སྐལ་བཟང་མི་ལུས་རིན་པོ་ཆེ་ཞེས་ལགས། །རྙེད་དཀའ་མི་ལུས་སྙིང་པོ་ལོན་པ་ལ། །མི་རྟག་སྒྱུ་མའི་ལྕག་གིས་རབ་བསྐུལ་ནས། །ལས་འབྲས་བླང་དོར་ཚུལ་བཞིན་གནང་མཛོད་དང་། །ཐར་བའི་ལམ་དུ་ཕྱིན་པར་གདོན་མི་ཟ། འཁོར་བ་ངེས་པར་འབྱུང་བའི་ཞེན་ལོག་གཅིག །ཐམས་ཅད་ཐར་ལམ་འགོད་འདོད་བྱང་སེམས་གཉིས། །སྣང་སྲིད་དག་མཉམ་རྟོགས་པའི་ལྟ་དགོས་གསུམ། །བྱུང་ན་རིག་པའི་གནས་ལུགས་རྟོགས་པར་ངེས།
ཤྲྰིས་སྙིང་གཏམ་དུ་བློ་ལྡན་དགེ་འདུན་ཆོས་འཕེལ་ལ་གུས་ཕུལ།།

Subscribe to:
Post Comments (Atom)
0 comments:
Post a Comment