དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 10 June 2011
༄༅། །སྐྱིད་གླུ་ཤར་གྲོལ་མ། །
ཨོྃ་ཨྰཿཧྰུྃ་ཧྲྰིཿ
སྤྱི་བོ་བདེ་ཆེན་ཞིང་ན། །
བླ་མ་ཡིད་བཞིན་ནོར་བུ། །
འབྲལ་མེད་རྟག་ཏུ་བཞུགས་པས། །
དྲན་ཤེས་བག་ཡོད་བརྟས་སོང་། །
མགྲིན་པ་ལོངས་སྤྱོད་འཁོར་ལོར། །
ཡི་དམ་འཇམ་དཔལ་ཡབ་ཡུམ། །
སྨྲ་བའི་དཔལ་དུ་དགྱེས་པས། །
ཚངས་དབྱངས་ངག་ལ་འབྱོར་སོང་། །
སྙིང་ཁ་ཆོས་ཀྱི་དཀྱིལ་འཁོར། །
སྐུ་གསུམ་རྒྱལ་བའི་མཁའ་འགྲོ། །
བདེ་ཆེན་ཁབ་ཏུ་སོན་པས། །
ཕྱག་རྒྱའི་དངོས་གྲུབ་ཐོབ་སོང་། །
ལྟེ་བ་སྤྲུལ་བའི་གླིང་ནས། །
ཆོས་སྐྱོང་དཔའ་བོ་དཔའ་མོ། །
བསྟན་སྲུང་ལས་ལ་ཆས་པས། །
གང་བསམ་ལྷུན་གྱིས་གྲུབ་སོང་། །
འདི་ཕྱི་བར་དོའི་སྣང་བར། །
ཐབས་ཤེས་རིག་པའི་མེ་ལོང་། །
མཆོག་ཐུན་ཕྲིན་ལས་ཕོ་ཉ། །
སེམས་ཉིད་འདི་ལ་རྫོགས་སོང་། །
ཅི་དྲན་དུ་ཤྲྰི་སྨྱོན་པས་བྲོ་གར་བཅས་ཝ་ལེར་རི་རྩེ་ནས་བླངས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment