དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 15 July 2011
༄༅། །ཨ་བུ་རིན་པོ་ཆེ་ལ་སྤྲིངས་ཡིག་ཨུཏྤལ་དམར་པོ། །
ན་མོ་གུ་རུ་ཨ་བྷྱ་མ་ཏི་ཡེ། །
ཀ་དག་གནས་ལུགས་རྟོགས་པའི་རྣལ་འབྱོར་པ། །
ཁ་བའི་ལ་རྒྱ་འཛིན་སྐྱོང་སྤེལ་བའི་མགོན། །     
ག་ས་གང་དུ་བཞུགས་ཀྱང་ཁྱད་ཆོས་ཅན། །               
ང་ཡི་སྙིང་གྲོགས་ཨ་བུ་རིན་པོ་ཆེ། །
ཅ་ལག་སྒྱུ་རྩལ་འཕྲུལ་གྱི་ཕྱག་རྒྱ་ཅན། །
ཆ་ལུགས་སྣ་ཚོགས་གཟུགས་ཀྱིས་འགྲོ་ཁམས་འདུལ། །
ཇ་ཆང་འདོད་ཡོན་ཚོགས་འཁོར་ཏིང་འཛིན་ངང་། །
ཉ་གང་སྤངས་རྟོགས་ཡོངས་རྫོགས་རིན་པོ་ཆེ། །
ཏཱ་ལའི་བླ་མའི་ཐུགས་སྲས་རྣམ་དཔྱོད་ཅན། །                           
ཐ་དག་ཤེས་བྱ་མཁྱེན་པའི་པན་ཆེན་ཁྱེད། །                 
ད་དུང་དུས་འཁོར་དབང་ཆེན​་སྨིན་གྲོལ་ལ། །                                                    
ན་མོས་ཕྱག་རྒྱ་སྔགས་པ་རིན་པོ་ཆེ། །
པ་ལོ་མ་ཉམས་མཁའ་འགྲོ་བྱེ་བས་གཏམས། །    
ཕ་རྒན་རིག་པ་འཛིན་པའི་བུ་རྒྱུད་མཆོག །         
བ་ཛྲ་ཐེག་པའི་རིང་ལུགས་སློབ་དཔོན་ཆེ། །       
མ་ལུས་འགྲོ་བའི་སྐྱབས་མགོན་རིན་པོ་ཆེ། །
ཙ་ར་མ་གཅོད་རྨོངས་རྒྱུག་མ་ཡིན་པར། །
ཚ་གྲང་སྡུག་བསྔལ་བསལ་བའི་སྨན་གྱི་མཆོག །
ཛ་ཡའི་བསྟན་པའི་སྙིང་པོ་མདོ་སྔགས་ཀུན། ། ​         
ཝ་ལེར་མཁྱེན་པའི་བླ་མ་རིན་པོ་ཆེ། །
ཞ་རྩོད་ནང་འཁྲུག་མི་དགོས་ཞི་དུལ་མཁན། །            
ཟ་འོག་གསེར་དངུལ་མི་མཁོ་ཆོག་ཤེས་ཅན། །
འ་ཅག་སྟོན་པའི་བཀའ་ལུང་མི་འགལ་བའི། །           
ཡ་མཚན་ཀུན་ལྡན་གྲྭ་བ་རིན་པོ་ཆེ། །
ར་བ་གངས་དཀར་རི་བོའི་ཡུལ་ལྗོངས་​ལ། །    
ལ་རྒྱའི་དཔའ་བོ་འཇིགས་མེད་བློ་གྲོས་ཅན། །              
ཤ་ཁྲག་གཅིག་ལས་མཆེད་པའི་སྤུན་ཟླ་ལས། །       
ས་སྟེང་རྒྱན་གཅིག་དཔའ་བོ་རིན་པོ་ཆེ། །
ཧ་ཅང་དགའ་བའི་བསྟོད་བསྔགས་བྱས་པ་མིན། །    
ཨ་མཚར་ཀུ་རེའི་རྩེད་ཆེན་རྩིས་མིན་པར། །                                                         
ཧ་ལམ་བདག་གིས་ཤེས་ཚད་སྙིང་པོའི་གཏམ། །      
ཨ་ལགས་རིན་པོ་ཆེ་ལ་འཕྲིན་དུ་སྤྲིངས། །
ཞེས་པ་འདི་ཡང་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་སློབ་དཔོན་ཆེན་པོ་ཞིག་གིས་ཁེངས་པ་སྐྱོངས་ནས་མུ་ཏོ་བ་ཞེས་ཀ་རྩོམ་མཇལ་བའི་རྐྱེན་ལས་གང་ཤར་དུ་ཤྲྰིས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ