དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 15 July 2011
རྒྱལ་གླུ་ཚོགས་དྲུག་རང་གྲོལ་ཁྲག་འཐུང་དཔའ་བོའི་
ཀི་བསྭོ་ཞེས་བྱ་བ། །
ན་མོ་གུ་རུ་དྷེ་ཝ་ཌྰཀྐི་ཡེ། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །དཀོན་མཆོག་གསུམ་པོ་ལྷ་རྒྱལ་ལོ། །སྣང་སྲིད་དགེ་བའི་ལྷ་རྒྱལ་ལོ། །ཞི་བདེ་དགྱེས་པའི་ལྷ་རྒྱལ་ལོ། །བདེན་པ་རིན་ཆེན་ལྷ་རྒྱལ་ལོ། །དྲང་སྲོང་རྗེ་རིགས་ལྷ་རྒྱལ་ལོ། །དཀར་ཕྱོགས་དགའ་བའི་ལྷ་རྒྱལ་ལོ། །དགེ་འདུན་ཆོས་དཔལ་ལྷ་རྒྱལ་ལོ། །མངའ་རིས་སྐོར་གསུམ་ལྷ་རྒྱལ་ལོ། །དབུས་གཙང་རུ་བཞིའི་ལྷ་རྒྱལ་ལོ། །ཆུ་བཞི་སྒང་དྲུག་ལྷ་རྒྱལ་ལོ། །ཆོལ་གསུམ་འགོ་བའི་ལྷ་རྒྱལ་ལོ། །འཇིག་རྟེན་སྲིད་པའི་ལྷ་རྒྱལ་ལོ། །ཉན་རང་དགྲ་བཅོམ་ལྷ་རྒྱལ་ལོ། །བྱང་ཆུབ་སེམས་ཀྱི་ལྷ་རྒྱལ་ལོ། །གསང་སྔགས་བསྟན་པའི་ལྷ་རྒྱལ་ལོ། །གངས་ལྗོངས་བསྟན་སྲུང་ལྷ་རྒྱལ་ལོ། །རྩ་རླུང་ཐིག་ལེའི་ལྷ་རྒྱལ་ལོ། །གདན་གསུམ་ཚང་པའི་ལྷ་རྒྱལ་ལོ། །ཕྱག་རྫོགས་དབུ་མའི་ལྷ་རྒྱལ་ལོ། །རྒྱལ་ཁ་ཐོབ་པའི་ལྷ་རྒྱལ་ལོ། །རྒྱལ་འབངས་བདེ་བའི་ལྷ་རྒྱལ་ལོ། །རྒྱལ་ཀུན་དགྱེས་པའི་ལྷ་རྒྱལ་ལོ། །རྒྱལ་སྲས་རྒྱལ་བའི་ལྷ་རྒྱལ་ལོ། །ཕྱི་དབྱིངས་དགྲ་བླའི་ལྷ་རྒྱལ་ལོ། །ནང་རོལ་ཝེར་མའི་ལྷ་རྒྱལ་ལོ། །གསང་ཆེན་ཆོས་སྐྱོང་ལྷ་རྒྱལ་ལོ། །ཡང་གསང་རིག་འཛིན་ལྷ་རྒྱལ་ལོ། །ཕ་ལྷ་རྣལ་འབྱོར་ལྷ་རྒྱལ་ལོ། །མ་ལྷ་མཁའ་འགྲོ་ལྷ་རྒྱལ་ལོ། །བུ་ལྷ་དམ་ཅན་ལྷ་རྒྱལ་ལོ། །གྲོགས་ལྷ་གཉེན་པོ་ལྷ་རྒྱལ་ལོ། །བུ་ཕོ་དཔའ་བོའི་ལྷ་རྒྱལ་ལོ། །བུ་མོ་དཔའ་མོའི་ལྷ་རྒྱལ་ལོ། །བརྩེ་གདུང་དུང་བའི་ལྷ་རྒྱལ་ལོ། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །ཡིད་བཞིན་ནོར་བུ་ལྷ་རྒྱལ་ལོ། །དུས་ཀྱི་འཁོར་ལོ་ལྷ་རྒྱལ་ལོ། །རྗེ་བཙུན་སྒྲོལ་མ་ལྷ་རྒྱལ་ལོ། །གེ་སར་རྒྱལ་པོ་ལྷ་རྒྱལ་ལོ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །འཇིག་རྟེན་བདེ་ཞིང་དགའ་སྐྱིད་ངང་། །རྒྱལ་ཁམས་རྒྱལ་བའི་རྟེན་འབྲེལ་ཀུན། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ལྕགས་ཡོས་ས་ག་ཟླ་བའི་དབང་ཕྱོགས་བཟང་པོ་གཉིས་པར་ཤྲྰིཿཨེ་མ་ཧོས་སི་ལོ་ཝ་ཀི་ཡའི་ཆེས་མཐོའི་རི་བོ་ཨེ་ཝྃ་རྒྱལ་མོའི་རི་རྩེ་ནས་རང་ཡུལ་དྲན་པའི་རྒྱལ་གླུ་ཚོགས་དྲུག་རང་གྲོལ་ཞེས་རང་ཡུལ་ལ་མི་མཐུན་གཡུལ་ལས་རྒྱལ་བའི་སྨོན་ལམ་དང་གསོལ་བ་འདེབས་པར་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment