དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 13 August 2011
༄༅།།སྙིང་རྗེའི་རང་གཟུགས་ཀླུ་སྨྱོན་ཧེ་རུ་ཀའི་ཞབས་བརྟན་
གཡུང་དྲུང་རིན་ཆེན་ཞེས་བྱ་བ། །
ཨོཾ་སྭ་སྟི།
ཆོས་དབྱིངས་ཀུན་ཁྱབ་ནམ་མཁའི་ཀློང་ཡོངས་སུ། །
མཁྱེན་བརྩེ་ནུས་སྟོབས་སྤྲིན་ཆེན་རབ་འཁྲིགས་པས། །
གཞན་ཕན་སྙན་ཆར་འཇོ་བའི་དགེ་བའི་བཤེས། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག །
གཞན་སྣང་སྲིད་པའི་ཟློས་གར་སྒྱུ་མའི་འཕྲུལ། །
དད་བརྩོན་མཁྱེན་པའི་དྲི་བཟང་ལྷན་སྐྱེས་མངའ། །
གངས་ལྗོངས་སྰ་ལའི་སྨན་ཐང་ཡོངས་སྨིན་ནས། །
བསྟན་འགྲོའི་དོན་ཆེན་འགྲུབ་པར་ཞབས་བརྟན་ཤོག །
བྱམས་བརྩེའི་ཟླ་གྲོགས་གསེར་བཟང་ལང་ཚོ་ལ། །
དག་སྣང་དད་པའི་འོད་སྣང་འབུམ་འཇོ་བས། །
འཇིག་རྟེན་ཆོས་བརྒྱད་མུན་བྲལ་བྱ་བཏང་བ། །
ཀླུ་སྨྱོན་ཧེ་རུ་ཀ་དཔལ་ཞབས་བརྟན་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྟོད་ཟླ་བའི་ཉ་ལ་དྲ་སྟེང་གི་དབྱེན་སྦྱོར་དང་རྨི་ལམ་ཞིག་གིས་རྐྱེན་ལས་བདེན་དཔུང་ར་སྤྲོད་དང་སྙིང་རྗེའི་རང་གཟུགས་དག་སྣང་ཅན་ལ་ཞབས་པད་བརྟན་བཞེད་དོན་འགྲུབ་པའི་ཆེད་དུ་ཡོ་རོབ་ཀུན་བཟང་ཆོས་གླིང་ནས་ཤྲྰི་སྨྱོན་པས་གསོལ་བ་འདེབས་པ་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ