དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 13 August 2011
༄༅། །ཇོ་གཅོད་བདུད་བཞི་ཀུན་བཅོམ། །
གནས་དབེན་པར་བག་ཕེབས་ནས་འདི་སྐད་དོ༔
ཕཊ༔
ཕ་བརྒྱུད་ཐབས་ཀྱི་རྣལ་འབྱོར་དང་༔
མ་བརྒྱུད་ཤེས་རབ་མཁའ་འགྲོའི་ཚོགས༔
སྲས་བརྒྱུད་དོན་གྱི་ལྷ་ཚོགས་ལ༔
གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །
དེ་ནས་སྐྱབས་སེམས་ནི༔
ཕཊ༔
རྩ་བ་གསུམ་ལ་སྐྱབས་སུ་མཆི༔
ཁམས་གསུམ་སྒྲོལ་བར་སེམས་བསྐྱེད་དོ༔
སྒོ་གསུམ་ཀུན་བཟང་མཆོད་པའི་སྤྲིན༔
ནམ་མཁའ་མཉམ་པར་རབ་ཏུ་འབུལ༔
ཕཊ༔
གཅེས་འཛིན་བོར་བའི་ལྷ་བདུད་བཅོམ༔
ཏིང་འཛིན་སེམས་དཔའི་འཆི་བདག་བྲལ༔
གཟུགས་ཕུང་མཆོད་སྦྱིན་རྒྱ་མཚོ་འབུལ༔
འགྲོ་ཀུན་ཉོན་ཤེས་སྒྲིབ་སྦྱོང་གྱུར༔
ཨོྃ་ཨྰཿཧྰུྃ་ཧྲྰིཿ
ཅི་ནུས་བསགས་ཏེ་སྦྱང་སྤེལ་བསྒྱུར་སྤྲུལ་བྱ། མཐར་བསྔོ་བ་ནི༔
ཕཊ༔
ཕན་བདེ་མ་ལུས་ཀུན་ལ་བསྔོ༔
མཆོད་ཡུལ་མགྲོན་ཀུན་ཚིམས་གྱུར་ནས༔
སྡུག་བསྔལ་མ་ལུས་རྒྱུན་ཆད་དེ༔
འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔
ཅེས་པ་རྨ་ཆེན་སྦོམ་རའི་རི་ཞོལ་དུ་པདྨ་དྲག་གླིང་པའི་རིག་ཀློང་ནས་རྡོལ་བ་བཞིན་ཡི་གེར་བཀོད་པས་འགྲོ་ཀུན་བདུད་བཞི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག་གུ༔
Subscribe to:
Post Comments (Atom)
0 comments:
Post a Comment