དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 13 August 2011
ལྷག་བསམ་ཨེ་ཝྃ་མཆོད་སྤྲིན།
ཨེ་མ་ཧོ།
ཚེ་སྔོན་ལས་འབྲེལ་ཟབ་མོའི་གངས་ཅན་པའི། །
གཟུར་གནས་བློ་ལྡན་དོན་གཉེར་སྐལ་བཟང་ལ། །
རང་བློ་བདེན་པའི་ཚད་བཞག་ཀུན་རྟོག་གཟུགས། །
གང་ཤར་རྡོ་རྗེའི་མགུར་དབྱངས་འདི་དག་ཐལ། །
     ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པའི་གངས་ཅན་སྤུན་ཟླ་རྣམ་པ་ལགས། ངའི་རེ་བ་ཞིག་ལ་རང་རིགས་མ་དོར། རང་ཆོས་མ་ནོར། རང་སྲིད་མ་བརླགས། རང་སྐད་མ་བརྗེད། རང་ཚུགས་མ་ཤོར་ཞེས་དགོས་པའི་འབོད་བསྐུལ་ཞུ་བ་དེ་ཡིན། དེས་ན་ང་ཚོ་ཚང་མ་ལ་དམངས་གཙོ་དང་འདྲ་མཉམ་གྱི་བསམ་པ་ཞིག་མི་བུ་བདག་གི་ཤེས་ ཚོད་འཆར་ཚོད་དག་གང་ཤར་གླུ་རུ་བླངས་པའི་བསམ་འཆར་བདེན་པ་རྣམས་གངས་ཅན་སྤུན་ཟླ་ ཕུ་ནུ་ཡོངས་དང་མ་འོངས་ལྷག་བསམ་དཀར་པོའི་བསྟན་པར་སྲི་ཞུ་འབྱུང་བའི་ཆེད་དུ་ པར་བསྐྲུན་བྱས་ནས་ད་ལྟ་ཨེ་ཝྃ་ཆོས་སྨན་གླིང་ནས་རིན་མེད་ཆོས་སྦྱིན་དུ་གནང་གི་ ཡོད་པས་དགོས་མཁོ་ཡོད་པ་དག་ལ་མཆོད་སྤྲིན་འབུལ་ལོ། །
ཨེ་ཝྃ་བདེན་པའི་དོན་བཞིན་སྲིད་ཞིའི་མིག །
དཔལ་ཡོན་རིག་པའི་མེ་ལོང་ཀུན་གསལ་གཟུགས། །
དགྱེས་པའི་དཔྱིད་དུ་སྨིན་པའི་སྨོན་འདུན་བཅས། །
མི་འགྱུར་རྡོ་རྗེའི་དམ་གསོལ་སླར་ཡང་འདེབས། །
འབྲེལ་འཐུད་ནི་སྤྲུལ་སྐུ་ཉི་མ་ལ་གནང་རོགས།  
ལག་འཛིན་ཁ་པར་གྱི་ཨང་གྲངས།  ༠༠༨༦༡༣༢༩༩༨༦༠༡༥༥
ཤྲྰིས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ