དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 21 September 2011
༄༅། །རྨི་ལམ་ནང་ནས་མཇལ་བའི་དྲི་མེད་རྒྱལ་བའི་རྒྱལ་མཚན། །
ན་མོ་གུ་རུ་བྷྱཿ
སྤྲོས་པའི་མཐའ་བརྒྱད་ཡེ་དག་རང་བཞིན་ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །
ཆོས་བརྒྱད་རྟོག་པའི་དྲི་མ་མ་ལུས་ཆོས་ཟད་ཀློང་དུ་དག་གྱུར་ཅིང་། །
ཆོས་དང་ཆོས་ཉིད་གཉིས་སུ་མེད་གང་དུས་གསུམ་ཤེས་བྱའི་རི་མོ་དག །
མ་རིག་རྣམ་སངས་རིག་པ་ཀུན་གྲོལ་རྨི་ལམ་སྒྱུ་འཕྲུལ་ཨེ་མ་ཧོ། །

ཉིན་དང་མཚན་གྱི་རྣམ་དབྱེར་མ་མཆིས་འོད་གསལ་ཞིག་གི་འཆར་ཆ་ལ། །
ང་དང་ཁྱོད་ཀྱི་རྣམ་དབྱེར་མ་མཆིས་གངས་དཀར་རི་བོའི་དབུ་རྩེ་རུ། །
ལྷ་དང་མི་ཡི་ཚོགས་པའི་རྣམ་གྲངས་བསམ་ཡུལ་འདས་པའི་ཆོས་གྲལ་ནས། །
ཕོ་དང་མོ་ཡི་རྣལ་འབྱོར་ཚང་མས་ཏིང་འཛིན་གསུམ་ལ་གནས་པར་རྨིས། །

སྐྱབས་གནས་རྒྱལ་བའི་ཐུགས་བསྐྱེད་བྱིན་རླབས་སྨོན་ལམ་རྒྱ་མཚོའི་སྙིང་པོ་སྟོབས། །
བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པའི་དགའ་སྐྱིད་སྣང་བའི་ཚོར་བ་ཞིག །
བཅོས་མིན་དྲན་པའི་མེ་ལོང་ཡེ་ཤེས་མཐུ་ལྡན་ཆོས་སྐྱོང་སྲུང་མ་ཡིས། །
དད་དང་དམ་ཚིག་ནང་གི་མཆེད་པོ་དྲི་མེད་རྒྱལ་བའི་རྒྱལ་མཚན་རྒྱལ། །

འདི་ནི་རབ་རྒྱན་ལྕགས་ཡོས་ཆུ་ཟླའི་ཉ་ལ་རྨི་ལམ་དག་སྣང་གི་ངང་ལས་བསངས་གསོལ་དང་ལྷ་རྒྱལ་འབོད་པའི་དྲན་སྣང་གི་ངང་ལས་བདག་གི་སྙིང་གྲོགས་ཆོས་མཆེད་མང་པོ་དང་སློབ་དཔོན་དྲི་མེད་རྒྱལ་མཚན་ཡང་དེར་བཞུགས་པ་རྨིས་པས་རྨི་ལམ་ནང་ནས་འདི་འདྲ་ཞིག་འཆར་ཡང་འཇུག་མ་དངོས་དེ་དྲན་མ་སོང་དགོངས་དག གོང་གི་ཚིགས་བཅད་གཉིས་དང་ཕྱེད་དེ་དངོས་མ་རེད། རྗེས་ཀྱི་ཚིག་རྐང་པ་གཅིག་དང་མིང་དེ་བདག་གིས་སྦྱར་བ་ཡིན། གང་ལྟར་མཆོག་གིས་བསྟན་འགྲོའི་དོན་དག་རེ་འགྲུབ་པར་འདྲ་བས་ཐུགས་བསྐྱེད་རྒྱ་མི་ཆུང་བར་ནམ་རྒྱུན་འབད་པར་མཁྱེན་ནོ། ཤྲྰི་སྨྱོན་པས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ནས་གང་དྲན་བྲིས་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ