དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 25 September 2011
༄༅། ། ཨེ་ཝྃ་ཆོས་སྨན་གླིང་ལྔའི་བརྡ་རྟགས་སྙིང་པོ། །
ཨེ་མ་ཧོ།
སྐྱེ་རྒ་ན་འཆི་མི་རྟག་སྒྱུ་མའི་འཕྲུལ། །
ཆོས་སྨན་རྣམ་སྦྱོང་ཀུན་ཕན་གསོ་སྐྱོང་གིས། །
ནད་གདོན་བགེགས་རིགས་བསལ་བའི་མཐུ་སྟོབས་ཅན། །
ཨེ་ཝྃ་ཆོས་སྨན་ཀུན་ཕན་གསོ་བྱེད་གླིང་། །

སྒྲ་ཚད་བཟོ་གསོ་ནང་དོན་སྐར་རྩིས་དང་། །
སྙན་ངག་མངོན་བརྗོད་ཟློས་གར་སྡེབ་སྦྱོར་རིགས། །
རང་བློ་གང་འཚམས་བཤད་སྒྲུབ་དགའ་བའི་ཚལ། །
ཨེ་ཝྃ་ཆོས་སྨན་ཀུན་ཤེས་རིག་གནས་གླིང་། །

ཞལ་ཟས་རོ་བཅུད་ལྡན་པའི་ཡིད་འོང་རིགས། །
དཀར་གསོལ་བདུད་རྩིའི་བཅུད་ལ་ལོངས་སྤྱོད་པའི། །
གང་འདོད་བཟའ་བཏུང་ཕུན་སུམ་ཚོགས་པའི་གནས། །
ཨེ་ཝྃ་ཆོས་སྨན་ཀུན་དགའ་གསོལ་སྟོན་གླིང་། །

ཟས་གོས་ལོངས་སྤྱོད་གནའ་དེང་མཁོ་བའི་རྫས། །
དངོས་ཆས་ཅི་འདོད་སྦྱིན་གཏོང་རིན་བདེ་པའི། །
གང་བསམ་ཡིད་བཞིན་ཐོབ་པའི་ཉོ་ཚོང་ཁང་། །
ཨེ་ཝྃ་ཆོས་སྨན་ཀུན་བདེ་དཔལ་འབྱོར་གླིང་། །

ཀ་དག་ཆོས་དབྱིངས་ངོ་བོ་སྤྲོས་བྲལ་ཀྱང་། །
ལྷུན་གྲུབ་འོད་གསལ་རང་བཞིན་འགགས་མེད་པར། །
ཟུང་འཇུག་རང་རིག་བླ་མའི་རྣལ་འབྱོར་པའི། །
ཨེ་ཝྃ་ཆོས་སྨན་ཀུན་བཟང་འོད་གསལ་གླིང་། །

ཨེ་ཝྃ་ཆོས་སྨན་རིག་པའི་ཞིང་ཁམས་དེར། །
ཀུན་ལ་ཕན་བདེ་ཡིད་བཞིན་འཇོ་བ་དང་། །
ཀུན་ཀྱང་ཞི་བདེའི་དཔལ་ལ་ལོངས་སྤྱོད་ནས། །
འགྲོ་ཀུན་ཀུན་ཏུ་བཟང་པོའི་སར་ཕྱིན་ཤོག །

ཅེས་པའང་རབ་རྒྱན་ལྕགས་ཡོས་སྣྲོན་ཟླའི་ཡར་ངོའི་ཚེས་བཅུ་ཉིན་རྨི་ལམ་ཡ་མཚན་ཅན་ཞིག་རྨིས་པའིརྐྱེན་བྱས་རང་ཡུལ་སྒ་སྟོད་ཇོ་བོ་ཞལ་དཀར་གྱི་མདུན་རོལ་གསེར་གཤིས་ཁོག་ཏུ་ཨེ་ཝྃ་ཆོས་སྨན་ཀུན་ཕན་གླིང་ཞེས་པ་གསར་དུ་བཞེངས་པ་དག་ཕྱི་ནང་བཀོད་པ་ཕལ་ཆེ་བ་དག་ལེགས་གྲུབ་བྱུང་ནས་གླིང་ཆེན་ལྔ་དང་གླིང་ཕྲན་བཞི་ཡིས་གྲུབ་པའི་ཆོས་སྨན་རིག་པའི་དགའ་ཚལ་དེ་ཉིད་ལ་མིང་དོན་མཚུངས་པའི་བརྡ་རྟགས་ཀྱི་བསྟོད་ཚིག་ཅིག་དགོས་ཞེས་བླ་མ་རོང་ལེ་དང་མཁན་པོ་འོད་གསལ་མཐའ་ཡས་སོགས་ཀྱིས་ཞལ་པར་རྒྱུད་ནས་ཡང་ཡང་བསྐུལ་ངོར་ཅི་དྲན་དུ་ཤྲྰིས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གུས་ཕུལ། ། ༢༠༡༡ ༩  ༢༥་ལའོ།།

0 comments:

ཟིན་བྲིས་འཚོལ་ཡུལ