དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 26 September 2011
༡༦༽ དཔལ་དགྱེས་པ་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ གི་ཆུ་ཚོད་ ༩ སྐར་མ་ ༥༦

མིང་རྫུན་ཙམ་མ་ཟད་བདག་གིས་སྔོན་བྲིས་པའི་ཨེ་མ་ཧོའི་རིག་མཛོད་དུ་ཡོད་པ་ཚོ་ཡང་བཀོད་འདུག ཁྱོད་ཚོ་ངོ་ཡང་མི་ཚའམ། ཁྱད་པར་ཁ་སང་ཀརྨ་ཡེ་ཤེས་ཟེར་བ་དང་འབྲུག་ཚེ་རིང་གིས་དོན་མེད་དང་གཞི་མེད་སྒྲོ་འདོགས་ག་རེ་བྱས་ཡོད་ཁྱེད་ཁ་བརྡ་དྲ་བས་ཤེས་གསལ་རེད། དེ་དག་སུ་ཡང་དེ་གཉིས་མངོན་གསལ་རེད། འདི་བདག་རང་མིན་གསལ་བཤད་ད་ལྟ་རང་གནང་དགོས་ཡོད། བདག་དངོས་ཡིན་པར་རྩོམ་དེ་ད་ལྟ་ངས་ཨེ་མ་ཧོའི་རིག་མཛོད་དུ་བཞག་ཡོང་གཟིགས་ཨྰ། ཁྱད་པར་ཀརྨ་ཡེ་ཤེས་ལགས། ཁྱེད་དང་ང་ཚོ་ལས་རིགས་གཅིག་པ། ཡག་པོ་ཡིན་ན་ཡིན་མཉམ། སྡུག་ཅག་ཡིན་ན་ཡིན་མཉམ། བདེན་པ་ཡིན་ན་ཡིན་མཉམ། ཟོག་པོ་ཡིན་ན་ཡིན་མཉམ་རེད། ལར་ང་ཚོས་དེ་རིང་གི་བར་དུ། མར་མེའི་སྨོན་ལམ་འདོན་སྐབས། བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་དང་། དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་གྲོགས་དང་།། ཤེས་རབ་གཉེན་གྱིས་སྦྲེལ་བའི་གཟུངས་མ་གསུམ།། ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ།། མི་འབྲེལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས།། ཞེས་སྨོན་ལམ་བཏབས་པ་རེད། ད་ཁྱེད་ཀྱིས་ང་ལ་ངོ་མི་མཐོང་བའི་སྨོན་ལམ་འདེབས་པ་དེ་ཁྱེད་རང་གིས་ནོར་འཁྲུལ་རེད། ཕ་བཟང་གི་བུ། མི་གཞན་གྱིས་མཁའ་ཁ་དབྱེན་མཆུའི་ཁ་ལ་མ་རྒྱུགས། ངས་ནི་ཁྱེད་དང་ང་ཚོ་སྐྱིད་སྡུག་གཅིག་པ་ཡིན་བསམ་ནས་སྔོན་མ་ཁྱེད་ལ་ཞབས་བརྟན་ཡང་བྲིས་པ་ཁྱེད་ཀྱིས་ཤེས་གསལ་རེད། ཉེ་སྔོན་ཨ་རིག་དགེ་མཐོང་གིས་དྲ་ཐོག་ནས་ཁྱེད་ལ་ཚིག་རྒྱག་བྱེད་སྐབས་ཡང་དགེ་མཐོང་མཁས་པ་ཡིན་ཡང་དེ་འདྲ་བྲིས་ན་མ་འོས་པ་རེད་བསམ་སོང་། གང་ཡིན་ཟེར་ན་ཁྱེད་ཀྱིས་ཁོང་ཚོའི་གདན་ས་ལ་ཞབས་ཕྱི་ཅི་འགྲུབ་བྱེད་ཀྱི་ཡོད་ཀི་མོ། གང་ལྟར་ལབ་རྒྱུ་ཡོད་ན་ངོ་ལ་བལྟས་ནས་ལབ་ཤོག་དང་། ངས་ནོར་ཡོད་པ་ཞིག་ཡིན་ན་ངས་དགོངས་དག་ཞུ་ཆོག ཁྱེད་ཀྱིས་ནོར་ཡོད་པ་ཞིག་ཡིན་ན་ང་ལ་དགོངས་དག་ཞུས་མ་ཞུས་ལ་ཁྱད་ཅང་མེད། གང་ལྟར་དམ་ཚིག་ལ་ངོ་ལྐོག་མེད་པ་བྱེད་རོགས། ཁྱེད་ལྟ་བུ་བླ་ཆེན་མཁན་སྤྲུལ་ཡིན་ཟེར་མཁན་ཞིག་གིས་མིང་རྫུན་བཀོལ་ནས་དྲ་ཐོག་ནས་ངོ་ལྐོག་བྱེད་རྒྱུ་དེ་བསྟན་པ་ནུབ་པའི་སྔ་ལྟས་ཡང་ཡིན་ཤས་ཆེ། གང་ཡིན་ཟེར་ན་ལས་རྒྱུ་འབྲས་བཤད་མཁན་ཚོས་ཀྱང་ལས་འབྲས་མ་བསྲུང་ན་དེ་ནས་སུས་ལས་འབྲས་སྲུང་དགོས་པ་རེད།

0 comments:

ཟིན་བྲིས་འཚོལ་ཡུལ