དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 20 October 2011
ཨེ་མ་ཧོའི་རྒྱལ་སྤྱིའི་དཔེ་མཛོད་ཁང་གི་གསལ་བསྒྲགས། །

ཨེ་མ་ཧོའི་རྒྱལ་སྤྱིའི་དཔེ་མཛོད་ཁང་འདི་ནི་སྒ་སྟོད་ཇོ་བོ་ཞལ་དཀར་གྱི་མདུན་ཞོལ་གསེར་གཤིས་ཁོག་ཏུ་བཞེངས་ཡོད།འདི་ནི་བདག་གིས་ཡུན་རིང་སེམས་ལ་བརྣགས་པའི་གལ་ཆེའི་བསམ་གཞི་ཞིག་ཡིན་པ་དང་མ་ཚད་བོད་རང་གི་རིག་གཞུང་རིས་མེད་ཀྱི་ཞིབ་འཇུག་བྱེད་སའི་རིག་པའི་འབྱུང་གནས་ཀྱི་ལྟེ་གནས་ངོ་མ་དང༌།ཆོས་རིག་ཉམས་གསོ་དང་།མི་ཉམས་གོང་འཕེལ་ཆེད་དུ་ཨེ་ཝྃ་ཆོས་སྨན་གླིང་གི་ཆ་ཤས་སུ་བསྐྲུན་པ་ཡིན། ལྷག་པར་རིས་སུ་མ་ཆད་པའི་བགྲོ་གླེང་གི་གླེང་སྟེགས་ཞིག་ཀྱང་ཡིན། རྒན་བྱིས་དང་། ན་གཞོན་རྒྱ་བོད་དབྱིན་ཇིའི་མི་རིགས་དང་། སྐྱ་སེར་དང་ཕོ་མོ་ཀུན་གྱིས་དཔེ་ཀློག་གནང་བ་ལ་དགའ་བསུ་ཡོད། ཁྱད་པར་དུ་རྫ་སྟོད་གྲོང་གི་དགོན་སྡེའི་མི་དམངས་ཀྱི་ཆེད་དུ་གཟའ་སྤེན་པ་དང་ཉི་མའི་དུས་སྐབས་དང་གཏུན་ནས་དཔེ་ཀློག་ཀུན་ལ་རིན་མེད་དང་།རང་དབང་གང་འདོད་ཀྱི་ཆུང་ནས་བྱིས་པའི་སྒྲུང་དེབ་ནས་ཆེ་ནས་རྫོགས་པ་ཆེན་པོའི་རྒྱུད་སྡེའི་བར་གྱི་དཔེ་ཀློག་གང་འདོད་དང་ཅི་དགོས་ཚང་མ་ཡོད་དོ། ། ཁམས་སངས་པའི་དཔེ་ཀློག་གནང་བའི་བཞུགས་གནས་ཀྱང་གང་བདེ་དང་གང་དགའ་ཡོད། རིག་གནས་ཆེ་ཆུང་ཚང་མ་དང་། ནང་ཆོས་དང་། བོན་དང་། རྒྱ་སོག་གི་ཆོས་འབྱུང་ལོ་རྒྱུས་དང་།  ཤོག་ཁྲ་འདྲ་མིན། ས་ཁྲ་སྣ་ཚོགས། ཆོས་མཐུན་གྱི་བརྙན་འཁོར། ཚུལ་ཐུན་སྤྱི་སྤྱོད་ཀྱི་དྲ་གནས་ཀྱང་ཡོད། དུས་ཐུན་གྱི་ཚད་དང་ལྡན་པའི་སྟབས་བདེའི་གསོལ་ཇ་ནི། སྨན་ཇ། ཇ་ནག མངར་ཇ། འོ་ཇ། ཚྭ་ཇ། རྩམ་ཇ། ཇ་ཐང་། རྒྱ་ཇ། དྭངས་གཙང་གི་ཆུ་ཚ་གྲང་། འོ་ཞོ་དང་། ཤ་མེད་ཀྱི་འཐེན་ཐུག་གང་དགོས་དང་། བྱེ་ཐུད་སྣ་ཚོགས་དང་། བོད་ཐུད་ཚོ་པོ། གྲོ་འབྲས་སྲན་ཐུད། ཤིང་ཏོག་རིགས་དག་ཀྱང་ཅི་དགོས་ཡོད། དགོས་མཁོ་བྱུང་ཚེ་བཟའ་བཅའ་སྣ་ཚོགས་པ་དག་རིན་བདེའི་མངགས་གཏོང་བྱས་ནས་ཉོ་ཆོག་གོ ། རྒྱལ་སྤྱིའི་ཆོས་མཐུན་གྱི་གློག་བརྙན་དང་།གློག་འཕྲིན་ཡང་རིན་བདེའི་གློག་ཀླད་ཀྱི་རྩེད་ཆས་དག་ཡོད། དུས་ཚོད་ནི། སྔ་གྲོ་ཆུ་ཚོད་དགུ་ནས་ཕྱི་དྲོ་ཆུ་ཚོད་དགུ་བར་དུས་ཚོད་བཅུ་གཉིས་རིང་ལ་ཡིན་ནོ།
ཐག་རིང་གི་མགྲོན་པོ་ལ་མགྲོན་ཁང་ཡང་ཉེ་སར་ཡོད། དགའ་བསུ་དུང་ལེན་ཞུ་ཆོག ། གཙོ་བོ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དང་། ཨེ་ཝྃ་རིག་པའི་མེ་ལོང་གི་ལོ་དེབ་དང་། བོད་སྤྱི་ཁྱབ་ཀྱི་རིག་གཞུང་ཁག་དང་འབྲེལ་ཡོད་ཤེས་བྱའི་ཡིག་ཆ་གལ་ཆེའི་རིགས་མཁོ་སྒྲུབ་ཀྱིས་ཉར་ཚགས་དང་ཞིབ་འཇུག་དང་དཔར་སྐྲུན་སོགས་ཀྱི་ལས་དོན་ཐམས་ཅད་ལ་འབད་བརྩོན་རྒྱ་ཆེན་བསྒྲུབ་ཀྱིན་ཡོད་ལགས་སོ།
འོད་གསལ་མཐའ་ཡས་ཀྱིས་ཨེ་ཝྃ་ཆོས་སྨན་ཁང་དུ་བྲིས་པ་ལ་ཁ་སྣོན་དང་བཅས་ཤྲྰིས་བསྒྲིགས་པ་དགེའོ།

0 comments:

ཟིན་བྲིས་འཚོལ་ཡུལ