དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 20 October 2011
ཀླུ་སྨྱོན་དང་ཚེ་རིང་སྐྱིད་ཀྱི་དམ་ཚིག །
ཨེ་མ་ཧོ། །
འོད་གསལ་སྣང་ཆ་མ་འགགས་རྒྱལ་བའི་ཞིང་། །
བདེ་གསལ་རང་སྣང་རོལ་བ་སྲིད་པའི་གྲོང་། །
ཟུང་འཇུག་རྨི་ལམ་སྒྱུ་འཕྲུལ་ཟློས་གར་ལས། །
འོག་མིན་སྨིན་གྲོལ་མཇལ་བ་ཨེ་མ་ཧོ། །
ཡེ་ཤེས་ཧེ་རུ་ཀ་པའི་རྣལ་འབྱོར་པས། །
པུནྱེ་མ་ཧྰ་སུ་ཁའི་རྣལ་འབྱོར་མའི། །
བདེ་ཆེན་ཕྱག་རྒྱའི་རོལ་གར་དགའ་སྟོན་ཆེ། །
མཉམ་ཉིད་རིག་པའི་རྡོ་རྗེ་མཇལ་བར་རྨིས། །
གསང་གསུམ་དགྱེས་པའི་དགའ་སྟོན་ཚེས་པ་ལ། །
ཞི་ཁྲོ་ན་རཀ་དོང་སྤྲུགས་ཚོགས་འཁོར་དང་། །
རྣལ་འབྱོར་མཆེད་ལྕམ་དམ་གཙང་རྡོ་རྗེའི་གླུ། །
སྙན་འཇེབས་སྒྲ་དབྱངས་ངོམ་མེད་ཐོས་པར་རྨིས། །
མདོར་ན་བདེ་སྐྱིད་བསམ་ཡུལ་འདས་པར་བྱུང་། །
བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་ལ། །
མཚན་ལྡན་རིག་མའི་ཕྱག་རྒྱ་མ་རལ་ན། །
ཀླུ་སྤྲུལ་འགྲོ་དོན་མཐར་ཕྱིན་ཡོང་བར་རྨིས། །
རྣམ་སྨིན་རིག་འཛིན་སྤྲུལ་པའི་སྐུ་མཆོག་ཉིད། །
ཚེ་དབང་རིག་འཛིན་གྲུབ་པའི་འོད་སྐུ་གཤེགས །
ཕྱག་ཆེན་རིག་འཛིན་གསང་ཆེན་དག་མཉམ་རོལ། །
ལྷུན་གྲུབ་རིག་འཛིན་རྒྱལ་བའི་སྐུ་ཐོབ་ཤོག །
ཅེས་པ་དད་དམ་བརྟན་པའི་བདག་རྐྱེན་དང་རང་སྣང་དག་པའི་རྨི་ལམ་ཉིད་གསང་རྒྱ་མ་བྱས་པར་ཀླུ་སྤྲུལ་ཉིད་ལ་གང་ཤར་དུ་ཤྲྰི་བཛྲས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག་གུ། །

0 comments:

ཟིན་བྲིས་འཚོལ་ཡུལ