དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 25 December 2011
༧འབྲུག་སྐྱབས་མགོན་འཇིགས་མེད་པདྨ་དབང་ཆེན་གྱི་ཞབས་བརྟན།
ཨོཾ་སྭ་སྟི། །
མཁྱེན་རབ་ཕུལ་བྱུང་སྐྱེས་སྦྱོང་ལང་ཚོ་ལྡན། །
བརྩེ་བའི་སྙིང་རྗེ་ཆེན་པོས་ཀུན་ནས་འཛུམ། །
མཐུ་སྟོབས་ནུས་པའི་དབང་ཕྱུག་འབྲུག་ཆེན་རྗེ། །
འཇིགས་མེད་པདྨ་དབང་ཆེན་ཞབས་བརྟན་ཤོག །
ཤྲྰིས་སོ། །



སེང་གྷ་གླིང་གི་དཔལ་ཆེན་རྡོ་རྗེའི་ཞབས་བརྟན། །
ཨེ་མ་ཧོ། །
དད་གུས་དག་སྣང་བླ་མར་སངས་རྒྱས་མཐོང་། །
ཆགས་སྡང་རྨོངས་བྲལ་གྲུབ་མཐའ་ཕྱོགས་རིས་དབེན། །
ཕན་བདེའི་ལེགས་ཚོགས་བྱང་སེམས་རིན་པོ་ཆེ། །
དཔལ་ཆེན་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །
ཤྲྰིས་སོ། །
མཁན་ཆེན་འཇུ་བསྟན་སྐྱོང་གི་ཞབས་བརྟན། །
ཨེ་མ་ཧོ། །
འཇུ་རིགས་དྲི་མེད་མཚོ་ལས་ལེགས་འཁྲུངས་པའི། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཁས་གྲུབ་རྗེ། །
ཡང་ཟབ་སྦས་པའི་རྣལ་འབྱོར་བྱ་བྲལ་པ། །
ཀུན་བཟང་ཆོས་ཀྱི་ཉི་མ་ཞབས་བརྟན་ཤོག
ཤྲྰིས་སོ། །
 
 

0 comments:

ཟིན་བྲིས་འཚོལ་ཡུལ