དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 25 December 2011
སྙིང་གྲོགས་མ་ཧྰ་སུ་ཁ་ལ་གདམས་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ། །
ན་མོ་གུ་རུ་དེ་ཝ་ཌྰཀྐི་ཡེ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས། །
དཔག་ཡས་འགྲོ་རྣམས་འདྲེན་པའི་དཔལ་དམ་པ། །
མཚན་ལྡན་བླ་མ་རྣམས་ལ་གུས་ཕྱག་འཚལ། །
གཟུངས་སྤོབས་རིག་པའི་ཡོན་ཏན་ཀུན་ཚང་བའི། །
མཁས་གྲུབ་དགྱེས་པའི་སྡེབ་སྦྱོར་ཀུན་ཚང་པའི། །
བཀའ་གཏེར་མན་ངག་རྒྱ་མཚོའི་དཀའ་གནད་ཀུན། །
ལུགས་གཉིས་བསླབ་བྱ་བླང་དོར་འབད་པར་རིགས། །
༈ མདོ་རྒྱུད་བསྟན་བཅོས་དག་ལས་ལེགས་གསུངས་པའི། །
མཚན་ཉིད་ཀུན་ལྡན་བླ་མ་དམ་པར་བསྟེན། །
ཐོས་བསམ་སྒོམ་པའི་བསླབ་བྱའི་རིག་གཞུང་ལ། །
དྲན་ཤེས་བག་ཡོད་བརྩོན་འགྲུས་ལྡན་པར་མཛོད། །
སྲི་ཞུའི་གུས་བཀུར་འོས་པའི་བཤེས་གཉེན་ལ། །
བརྙེས་པ་གསུམ་གྱིས་དད་འདུན་མ་ནོར་བར། །
སྒོ་གསུམ་དམ་པའི་ཆོས་ལ་ལེགས་འབད་ན། །
འདི་ཕྱིའི་གཏན་བདེའི་བཙན་ས་ཟིན་པར་ལགས། །
ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ