དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 31 December 2011
༄༅། །ཉིས་སྟོང་བཅུ་གཉིས་པའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས། །
ཨེ་མ་ཧོ། །
ཕྱོགས་དུས་རྒྱལ་ཀུན་ཡེ་ཤེས་ཕུང་པོ་ཀུན། །
ཀུན་འདུས་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །
སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ལ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
དགེ་སྒྲུབ་སྡིག་སྤོང་བླང་དོར་ཚུལ་བཞིན་མཛད། །
བསྟན་པ་དར་རྒྱས་བསྟན་འཛིན་སྐུ་ཚེ་བརྟན། །
འཇིག་རྟེན་བདེ་ཞིང་ལོ་ཕྱུགས་རྟག་ཏུ་ལེགས། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
རྟེན་འབྲེལ་བཅུ་གཉིས་དུས་ཀྱི་འཁོར་ཁྱིམ་ལས། །
ལོ་སྐོར་བཅུ་གཉིས་སྐྱེ་མཆེད་ཡོངས་སུ་རྫོགས། །
མཛད་པ་བཅུ་གཉིས་ཤྰཀྱའི་རྒྱལ་པོས་བསྟན། །
ཉིས་སྟོང་བཅུ་གཉིས་བཀྲ་ཤིས་བདེ་ལེགས་ཤོག །
ལྕགས་འབྲུག་གཡུལ་རྒྱལ་བདེན་པའི་ཕྱོགས་སུ་ཆས། །
གངས་ཀྱི་སེངྒེ་གངས་ཅན་ལྗོངས་སུ་བཞུགས། །
ཕྱོགས་ལས་རྣམ་རྒྱལ་ཁྱུང་ཕྲུག་རྩལ་ཆེན་རྒྱས། །
རྒྱ་སྟག་ངར་མའི་སྡེར་བཞི་གྲོགས་ཐོབ་ཤོག །
དབྱངས་གསལ་སྒྲ་སྙན་གྲགས་པ་ས་གསུམ་ཁྱབ། །
བྱམས་བརྩེ་བདེན་པའི་རང་ཚུགས་ལྷམ་མེར་མངོན། །
ཞི་བདེ་སྐྱིད་པའི་ཉི་ཟླ་ཤིན་ཏུ་གསལ། །
ལུགས་གཉིས་ཕན་བདེས་རྒྱལ་ཁམས་གང་གྱུར་ཅིག །
ངེས་འབྱུང་ཚུལ་ཁྲིམས་ལྡན་པའི་དགེ་འདུན་གཅིག །
བྱང་སེམས་ཏིང་འཛིན་མངའ་བའི་རྒྱལ་སྲས་གཉིས། །
གསང་ཆེན་མཁྱེན་རབ་རྫོགས་པའི་སྔགས་འཆང་གསུམ། །
སྨིན་གྲོལ་རིག་འཛིན་རྣམ་བཞིའི་ས་ཐོབ་ཤོག །
རབ་རྒྱན་ལྕགས་ཡོས་མགོ་ཟླའི་ཡར་ཚེས་བརྒྱད་ཉིན་ནམ་༢༠༡༢ལོའི་ཟླ༡ཚེས༡ཉིན་དབྱིན་ཇིའི་ལུང་པ་བྷན་གྷོར་བུདྡྷ་ཛྙྰ་ནའི་ཆོས་ར་ནས་ཤྲྰིས་བྲིས་པའོ། །

0 comments:

ཟིན་བྲིས་འཚོལ་ཡུལ