དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 31 December 2011
གནམ་ལོ་གསར་ཚེས་ལ་ཚེ་གཡང་འབོད་པའི་བཀྲ་ཤིས་བདེ་ལེགས། །

ཨེ་མ་ཧོ། །
རྒྱལ་ཀུན་ཚེ་དང་ཡེ་ཤེས་དཔག་མེད་པ། །
གཅིག་ཏུ་བསྡུས་པ་ཡིད་བཞིན་འཁོར་ལོའི་ཞབས། །
དྲན་པ་ཙམ་གྱིས་ཚེ་དཔལ་མཆོག་སྩོལ་མ། །
ཨརྱ་ཏྰ་རེར་སྙིང་ནས་གསོལ་བ་འདེབས། །
ཚོགས་གཉིས་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། །
དོན་གཉིས་ཕན་བདེའི་རྒྱ་མཚོའི་མཐུ་གྲུབ་མས། །
ཚེ་དང་ཡེ་ཤེས་རྒྱ་མཚོའི་དཔལ་འཕེལ་བའི། །
དགེ་ལེགས་བྱིན་ཆེན་སྟོང་གི་དངོས་གྲུབ་སྩོལ། །
འཆི་མེད་དབང་ཕྱུག་རྒྱལ་ཡུམ་སྒྲོལ་མ་དང་། །
འཆི་མེད་མཆོག་གྲུབ་རིག་འཛིན་མནྡ་ར། །
གཟུངས་སྤོབས་ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་ཚོགས། །
དགོངས་ཤིག་ཚེ་དབང་ཡེ་ཤེས་དཔལ་སྩོལ་ཅིག །
ཚེ་སྲོག་མི་འགྱུར་རྡོ་རྗེའི་སྲོག་ཤིང་ཚུགས། །
ཚེ་ཐག་མི་ནུབ་ཆུ་རྒྱུན་རྟག་ཏུ་འཚོ། །
ཚེ་བསོད་མི་ཉམས་རྒྱ་མཚོའི་དཔལ་ཡོན་འཕེལ། །
ཚེ་དཔལ་རླུང་རྟ་དར་ཞིང་རྒྱས་གྱུར་ཅིག །
སྣོད་བཅུད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །
ཚེ་རིང་ནད་མེད་འགྲོ་རྣམས་བདེ་ཞིང་སྐྱིད། །
ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤིང་། །
ཕུན་སུམ་ཚོགས་པས་འཇིག་རྟེན་མཛེས་གྱུར་ཅིག །
འཕགས་མ་རྗེ་བཙུན་སྒྲོལ་མའི་ཐུགས་རྗེ་དང་། །
བདག་གི་ལྷག་བསམ་དག་པའི་བདེན་པ་ཡིས། །
སྐུ་ཚེ་ཡེ་ཤེས་ཡོན་ཏན་དཔལ་འཕེལ་བའི། །
ཚེ་དབང་རིག་འཛིན་ཀུན་གྱིས་ཐོབ་པར་ཤོག །
ཅེས་པ་འདི་ཡང་དད་གུས་ཅན་སྔགས་པ་པདྨ་བསྟན་འཛིན་གྱིས་གནམ་ལོ་གསར་ཚེས་ལ་རིང་འཚོའི་སྨོན་ལམ་དབྱིན་ཡིག་ཐོག་ནས་འཕྲིན་ཡིག་འབྱོར་མ་ཐག་ཏུ་རྟེན་འབྲེལ་བཟང་པོའི་འཚམས་རྟགས་སུ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་ཨེ་ཝྃ་ཕྱག་ཆེན་རི་ཁྲོད་ནས་སྒྲོན་དཀར་ཚེ་སྒྲུབ་སྐབས་སུ་སྙིང་ནས་སྨོན་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ