དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 27 December 2011

༄༅། །གདུང་སྲས་ཕྲིན་ལས་ནོར་བུའི་རྗེས་དྲན་སྔགས་འཆང་རིག་འཛིན་རྒྱལ་པོའི་དྲན་གླུ་ཞེས་བྱ་བ། །

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

གང་མཚན་ཐོས་པས་སྲིད་པའི་མུན་སེལ་བ། །གདོད་མའི་མགོན་པོ་པདྨ་ཀ་ར་ལ། ། སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ནས། །དམ་པའི་རྗེས་དྲན་གདུང་ཡུས་འདི་ནས་གསོལ། ། ཐབས་ཤེས་ལམ་བཟང་སྟོན་པའི་རྡོ་རྗེ་འཛིན། །གསང་ཆེན་བསྟན་པའི་བདག་པོ་མ་ཎི་ཀ ། རིག་འཛིན་བརྒྱུད་པའི་གདུང་སྲས་བླ་མ་རྗེ། །ཕྲིན་ལས་ནོར་བུའི་ཞབས་ལ་གསོལ་བ་འདེབས། ། ཤེས་རབ་འོད་སྟོང་འབར་བའི་གཟི་མདངས་ལས། །སྒྲིབ་གཉིས་བག་ཆགས་བསལ་བའི་དགེ་བའི་བཤེས། ། ཀུན་བྱེད་ཆོས་ཀྱི་རྒྱལ་པོ་ཀུན་ཏུ་བཟང་། །སྙིང་དབུས་པདྨོ་འཛུམ་པའི་གདན་ལ་བཞུགས། ། ལས་རླུང་བག་ཆགས་དྲག་པོས་གཞན་དབང་གིས། །འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་འཁོར་བའི། ། ལས་ངན་ཅོལ་ཆུང་མི་འུ་བདག་འདྲ་བས། །འདི་ཕྱིའི་རེ་ལྟོས་སྲོག་གི་ཚོར་བ་འགགས། ། རྒྱལ་བསྟན་ཉི་མ་ནུབ་རིའི་ཕྱོགས་སུ་བརྒལ། །འབྱུང་བྱའི་ཐལ་སྐད་སྒྲོ་བཀུར་ངག་འཆལ་སྒྲོག ། བདེན་རྫུན་གོ་ལོག་འཐེབ་པའི་འཇིག་རྟེན་ལས། །བདག་ཀྱང་དག་པའི་ཞིང་དུ་འདུན་པ་ཤོར། ། དལ་འབྱོར་སྙིང་པོ་མ་ལོན་འཇིག་རྟེན་པ། །མི་རྟག་རྒྱུད་ལ་མ་འབྱོར་རྟག་འཛིན་ཅན། ། ལས་འབྲས་བསླུ་མེད་མ་ཤེས་ལོག་ལྟ་མཁན། །སྡུག་བསྔལ་གསུམ་ལ་གཡེང་རྣམས་སྙིང་རེ་རྗེ། ། ཐར་པ་བྱང་ཆུབ་འདོད་པའི་སྐྱབས་འགྲོ་དང་། །སེམས་ཅན་སངས་རྒྱས་ཐོབ་འདོད་སྨོན་འཇུག་སེམས། ། ཡང་དག་རྒྱུད་ལ་མ་འབྱོར་བྱིས་པ་རྣམས། །སྐྱབས་མེད་ཐང་དཀྱིལ་ལྷག་རྣམས་སྙིང་རྗེ། ། གཉེན་པོ་སྟོབས་བཞིས་སྒྲིབ་སྦྱོང་ཚོགས་བསགས་དང་། །གསང་གསུམ་རང་རིག་བླ་མའི་རྣལ་འབྱོར་ལ། ། དོན་གཉིས་མཐར་ཕྱིན་ཆེད་དུ་ལེགས་འབད་ནས། །ཉག་གཅིག་རྩད་ནས་གཅོད་པའི་ངང་དུ་གནས། ། ཀ་དག་གཉུག་མའི་ངོ་བོ་མངོན་དུ་གྱུར། །ལྷུན་གྲུབ་སྣང་བཞིའི་རང་བཞིན་མངོན་སུམ་མྱོང་། ། ཟུང་འཇུག་རང་རིག་རྫོགས་པ་ཆེན་པོ་ཡིས། །བསྟན་དང་བསྟན་འཛིན་རྟག་ཏུ་བརྟན་གྱུར་ཅིག །

ཅེས་པ་འང་རབ་རྒྱན་ལྕགས་ཡོས་མགོ་ཟླའི་ཡར་ཚེས་གཅིག་ཉིན་རིག་འཛིན་སྔ་འགྱུར་བསྟན་པའི་མཁས་གྲུབ་གཉིས་ལྡན་གདུང་སྲས་ཕྲིན་ལས་ནོར་བུ་དགོངས་པ་ཆོས་དབྱིངས་སུ་རྫོགས་པ་ཐོས་མ་ཐག་ཏུ་ཅི་དྲན་དུ་ཤྲྰི་ཨ་ནནྟ་བཛྲས་སྙིང་ནས་སྨོན་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ