དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 4 December 2011
༄༅། །དཀར་མཛེས་བདེ་ཆེན་དབང་མོའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཨེ་མ་ཧོ། །
དད་གུས་སྨོན་ལམ་བཟང་པོས་ཚེ་རབས་ལས་འབྲེལ་ཟབ་པའི་དཀར་མཛེས་བདེ་ཆེན་དབང་མོ་ལེགས། ངས་དེ་རིང་ས་མཐའ་རྒྱང་རིང་ནུབ་ཕྱོགས་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་འདི་ནས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། བདག་གི་ལུས་ངག་ཡིད་གསུམ་གྱི་དུང་བ་ཡོད་ཚད་ཀྱིས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། གངས་ལྗོངས་དཀར་མཛེས་ཕ་ཁྱིམ་གྱི་དྲིན་ཆེན་ཕ་མ་དང་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ཡི་སྙིང་གི་གཅེས་ཕྲུག་མ། ང་ཡང་མཆོག་ལ་དུང་བས་འབྲེལ་ནས་ཟླ་དགུ་ངོ་བཅུ་ཙམ་རེད། མཆོག་ཉིད་དགུང་གྲངས་ཉེར་གཅིག་ཏུ་སོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས། གུ་རུ་རིན་པོ་ཆེའི་དུས་ཆེན། བོད་ཡུལ་དུ་གཏེར་གྱིས་གཏམས་པའི་དུས་བཟང་། གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད་པའི་དུས་གཉེན། སྙིང་གྲོགས་མ་མཆོག་གིས་བསིལ་ལྗོངས་དག་པའི་ཞིང་ཁམས་མཇལ་བའི་ཐོག་མའི་དུས་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ། དུས་ཆེན་ཉེར་གཅིག་སུམ་འཛོམས་ཀྱི་ཉིན་མོ་འདིར། ང་ཡིས་འདི་ནས་སྙིང་གི་སྨོན་ལམ་ཚིག་གསུམ་མཆོག་ལ་འདེབས་པར་ལགས་སོ། མཆོག་གི་སྐུ་གཟུགས་ལ་མཚན་དཔེའི་བཀྲག་མདངས་གཟི་དཔལ་རྒྱས་ཞིང་བདེ་ཐང་ཆེན་པོས་རྣམ་སྨིན་ཚེ་དབང་རིག་འཛིན་འགྲུབ་པའི་སྨོན་ལམ་དང་གཅིག ། མཆོག་གི་གསུང་དབྱངས་སྙན་པའི་ཚངས་སྲས་ལྷ་མོའི་སྙན་ངག་གིས་ཟབ་རྒྱས་ཆོས་སྲིད་ཀྱི་ཕན་བདེའི་བདུད་རྩི་འཇོ་བས་བདེ་ཆེན་ཕྱག་རྒྱ་རིག་འཛིན་འགྲུབ་པའི་སྨོན་ལམ་དང་གཉིས། ། མཆོག་གི་ཐུགས་མཆོག་ལ་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཉིད་དཔག་བསམ་སྡོང་པོ་དང་ཡིད་བཞིན་ནོར་བུ་ལས་ལྷག་པའི་བསྟན་འགྲོའི་དོན་རྣམས་འབད་མེད་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་སྨོན་པ་དང་གསུམ་ནི་ཨ་བུ་བདེ་གཡང་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཆེད་དུ་སྨོན་ལམ་འདི་གསུམ་སྙིང་ནས་སྨོན་འདུན་དང་བཅས། དམ་བཅའ་གསོལ་འདེབས་དང་འབྲེལ། ། བླ་མ་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་གནང་བར་མོས་ནས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ། ཆོས་སྲིད་ཟུང་འབྲེལ། ། སྣང་སྟོང་ཟུང་འཇུག བདེ་སྟོང་ཟུང་འབྲེལ། རིག་སྟོང་ཟུང་འཇུག སོགས་མཆོག་གི་བཞེད་པའི་སྙིང་དོན་མཐའ་དག་གེགས་མེད་བདེ་མྱུར་དུ་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །  སྐུ་ཚེ་བརྟན། ཞལ་དྲོ། ཞེས་པའང་དཀར་མཛེས་བདེ་ཆེན་དབང་མོའི་འཁྲུངས་སྐར་དགའ་བསུའི་ཉིན་ལ་དབྱིན་ཡུལ་ནས་སངས་རྒྱས་སྨན་བླའི་སྒྲུབ་ཆོག་སྐབས་སུ་དུང་སྨྱོན་པ་དཔལ་དགྱེས་པ་རྡོ་རྗེས་སྨོན་པ་དགེའོ། ། ཤྲྰི་སརྦ་ལོ་ཀ་མ་ཧྰ་སུ་ཁ་ཤྭ་ར་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ