དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 16 January 2012
༄༅། །ཞབས་བརྟན་འགྱུར་མེད་རྡོ་རྗེའི་གོ་ཁྲབ། །
ཨེ་མ་ཧོ། །
འཇིགས་མེད་བརྟུལ་ཞུགས་གསང་སྔགས་བསྟན་པ་འཛིན། །
བློ་གྲོས་མཚུངས་མེད་བཅུ་ཕྲག་རིག་གཞུང་སྐྱོང་། །        
རྒྱལ་མཚན་ནུབ་མེད་ལུང་རྟོགས་བཤད་སྒྲུབ་སྤེལ། །
གངས་ལྗོངས་མཁས་དབང་ཆེན་པོ་ཞབས་བརྟན་ཤོག །
དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་ལས། །
དྲི་མེད་འོད་ཟེར་ཀུན་མཁྱེན་ཡབ་སྲས་ཀྱི། །
བསྟན་པའི་བརྒྱུད་འཛིན་སྔ་འགྱུར་རྙིང་མའི་མགོན། །
ཤྰཀྱའི་དགེ་བསྙེན་ཆེན་པོ་ཞབས་བརྟན་ཤོག །
མཁས་གྲུབ་དམ་པའི་ལུང་གིས་ཡང་ཡང་བསྔགས། །
འཕགས་མཆོག་འཇམ་དཔལ་དབྱངས་དང་རྗེ་བཙུན་མས། །
ཡེ་ཤེས་སྐུ་ཡིས་རྗེས་བཟུང་དགོངས་པ་མཉམ། །
ཀློང་རྡོལ་བླ་མ་དམ་པ་ཞབས་བརྟན་ཤོག །
ཟླ་བྲལ་རིག་པའི་དབང་ཕྱུག་པན་ཆེན་རྗེ། །
ཤེས་རབ་འོད་སྣང་འགྲོ་ལ་སྟོན་མཁས་པ། །
བདེ་སྟོང་རིག་པའི་རྡོ་རྗེ་མངོན་གྱུར་པའི། །
ཡང་གསང་བསྟན་པའི་བདག་པོ་ཞབས་བརྟན་ཤོག །
ཨོ་རྒྱན་པདྨ་ཀ་རའི་ཐུགས་སྲས་མཆོག །
སྒྲིབ་བྲལ་མཁའ་འགྲོའི་ཚོགས་དཔོན་ཀརྨ་གླིང་། །
ཟབ་གཏེར་ཆོས་ཀྱི་མཛོད་མངའ་རྡོ་རྗེ་འཆང་། །
རིག་འཛིན་ཧེ་རུ་ཀ་དཔལ་ཞབས་བརྟན་ཤོག །
དག་སྣང་གསང་བའི་ཡེ་ཤེས་ཆོས་མཛོད་རྣམས། །
ཆགས་ཐོགས་ཀུན་བྲལ་གཟུངས་སྤོབས་མཁྱེན་བརྩེའི་བདག །
ངེས་དོན་སློབ་དཔོན་སྣ་ཚོགས་གཟུགས་ཅན་མཆོག །
སྐུ་གསུམ་བསྟན་འཛིན་རྒྱལ་པོ་ཞབས་བརྟན་ཤོག །
ཡི་དམ་ལྷ་ཡིས་ཞལ་གཟིགས་ལུང་བསྟན་པའི། །
མཁས་གྲུབ་དམ་པ་གསང་ཆེན་རྣལ་འབྱོར་པ། །
སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ་ཅན། །
གོས་དཀར་ལྕང་ལོའི་དེད་དཔོན་ཞབས་བརྟན་ཤོག །
མཚུངས་མེད་ངག་རིག་དབང་ཕྱུག་འཇམ་དཔལ་དང་། །
རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་ལས། །
བློ་གྲོས་མཐའ་ཡས་སྨིན་གྲོལ་ཡེ་ཤེས་སྐུ། །
དྲང་སྲོང་རིག་པའི་དབང་ཕྱུག་ཞབས་བརྟན་ཤོག །
ཅེས་པ་འདི་ཡང་ལྷག་བསམ་རྣམ་པར་དག་པས་རབ་རྒྱན་ལྕགས་ཡོས་རྒྱལ་ཟླའི་ཚེས་བཟང་ལ་སྙིགས་མའི་དུས་སུ་རྒྱལ་བསྟན་རིན་པོ་ཆེ་ལ་ཐབས་མཁས་ཀྱིས་འཆད་རྩོམ་གྱིས་ལུང་རྟོགས་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་བ་ལ་དྲང་བདེན་གཟུར་གནས་ཀྱི་རྣམ་དཔྱོད་ཡངས་པའི་༧སྐྱབས་རྗེ་དམ་པ་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་མཆོག་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་ཇི་བཞིན་བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཆེད་དུ་ཤྲྰི་ཨ་ནནྟ་བཛྲས་སྨྲས་པ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ