དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 January 2012
༅༅།༸སྐྱབས་རྗེ་མཁན་ཆེན་བླ་མ་རིན་པོ་ཆེ་མཆོག་གིས་སྙིང་བུ་མཆོག་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་ལ་གནང་བའི་གདམས་ངག་འོད་ཟེར་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།
ཨེ་མ་ཧོཿ
དང་པོ་སྔོན་འགྲོའི་ཆོས་ལ་ལེགས་པར་སྦྱོངས། ། བར་དུ་དངོས་གཞིའི་ལྟ་སྒོམ་ཡག་པོ་གོམས།
མཐའ་མར་འབྲས་བུའི་རྒྱལ་ས་ཕྱིན་པར་འགྱུར། །དེ་ལྟར་ཉམས་སུ་ལོངས་ཤིག་སྙིང་གི་བུ། །
སྔོན་འགྲོའི་གཞི་རྩ་མེད་ན་རྩ་བ་རུལ། །དངོས་གཞིའི་ལྟ་སྒོམ་མ་ཤེས་སྙིང་པོ་མེད། །
འབྲས་བུ་མཐར་ཕྱིན་མེད་ན་ངལ་བའི་རྒྱུ། །རྩེ་གཅིག་ཉམས་སུ་ལོངས་ཤིག་སྙིང་གི་བུ། །
ཆོས་བརྒྱད་ཞེན་པ་ཆུ་ཡི་རི་མོ་འདྲ། ། འདིར་སྣང་ཆགས་པ་རྨིག་སྒྱུའི་བསླུ་པ་འདྲ། །
དོན་མེད་མི་ཚེ་བདུད་ཀྱི་བསླུས་པ་ལ། །བསམ་ནས་སྙིང་པོ་མཛོད་ཅིག་སྙིང་གི་བུ། །
བདག་ལ་ལུགས་གཉིས་ཡོན་ཏན་ཆེར་མེད་ཀྱང་། །ལྷག་བསམ་དག་པས་ཁྱེད་ལ་སྨོན་ལམ་དང། །
བསྟན་དང་འགྲོ་བར་ཕན་བདེ་འབྱུང་བ་ཞིག བསམ་ནས་རེ་བའི་འཛུབ་མོ་གནམ་ལ་གཙུགས། །ཤྲཱིས་སོ།
མི་ཕྱེད་དད་པ་ཡོད་ན་རིག་པ་མཐོང་། །མི་ཆོས་རྣམ་དག་སྤྱོད་ན་གྲོགས་དང་མཐུན། །
མི་ལུས་དོན་ལྡན་སྙིང་པོའི་ལྷ་ཆོས་ལ། །སྙིང་ནས་བརྩོན་མཛོད་སྙིང་གི་བུ་མཆོག་ལགས།
མི་རྟག་སྒྱུ་མའི་གར་འདི་བསླུ་སྐྱེན་པས། །ངེད་གཉིས་ཚེ་འདིར་འཕྲད་པར་མ་གྱུར་ཀྱང་། །
ཕྱི་མ་གང་དགའི་ཞིང་མཆོག་ཉམས་དགའ་བར། །འཕྲད་པར་ཡོད་དོ་སྙིང་གི་བུ་མཆོག་ལགས། །
སེམས་བསྐྱེད་རྒྱ་ཆེན་གནང་དང་དོན་ཆེན་འགྲུབ། །ཚོགས་བསགས་རྒྱ་ཆེན་སྒྲུབ་དང་བདེ་མྱུར་ཐོབ། །
བསྔོ་སྨོན་རྒྱ་ཆེན་མཛོད་དང་མཐུ་སྟོབས་ཆེ། །རྒྱུན་དུ་དྲན་ཤེས་བག་ཡོད་ཤིན་ཏུ་གལ།།
འདི་ནི་ང་ཡི་སྙིང་གི་དྭངས་མ་ཡིན། །ཁྱོད་ལ་གདམས་པས་ཆུད་ཟོས་མ་གཏོང་བར། །
དེ་ཉིད་གསུམ་ལ་འབོད་དང་སྙིང་གི་བུ། །དངོས་སུ་འཕྲད་ཀྱང་དེས་ལྷག་བཤད་རྒྱུ་མེད།

ཚེ་དབང་རིན་ཆེན་ལ་ཤྲྰིས་གུས་ཕུལ།
ཅེས་གནམ་ལོ་ལྕགས་སྟག་རང་ཟླ་༩པའི་ཚེས་༢༩འམ་དབྱིན་ལོ་༢༠༡༠དབྱིན་ཟླ་༡༡པའི་ཚེས་༥ལ་གནང་བར་དགེའོ།།


སྤྲུལ་སྐུ་ཚེ་དབང་རིན་ཆེན་ཞལ་དེབ་ལས་ཤྲྰིས་བཤུས་པའོ། །

0 comments:

ཟིན་བྲིས་འཚོལ་ཡུལ