དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 January 2012
༄༅།།སྒ་སྟོད་ཇོ་བོ་ཞལ་དཀར། །
ཨེ་མ་ཧོ། །
མཁར་མཐོན་པོ་དཀར་དམར་གཞལ་ཡས་ཁང་། །
དབུས་ལྷུན་པོའི་ཕོ་བྲང་རང་གྲུབ་པོ། །
ནུབ་ལྷ་སའི་གཙུག་ལག་ཁང་ཆེན་རེད། །
ཆོས་སྐུ་གསུང་ཐུགས་རྟེན་རྩ་ཆེན་ཡོད། །
བོད་གངས་ཅན་རྒྱལ་པོའི་གདན་ས་ལགས། །

གངས་དཀར་པོའི་ཕ་སའི་དཀྱིལ་འཁོར་ན། །
ཤེལ་དཀར་པོའི་མཆོད་རྟེན་རང་གྲུབ་པོ། །
ཤར་སྒ་སྟོད་ཇོ་བོ་ཞལ་དཀར་རེད། །
གསེར་གཟི་བྱུར་གཏེར་མཛོད་ཆེན་པོ་ཡོད། །
བོད་གངས་ཅན་དབུལ་སེལ་གཡང་རི་ལགས། །

རྫ་སྤང་རི་འབྲོང་གི་ཕ་ས་ན། །
རྫོང་བཙན་པོའི་གསེར་རྨོག་རང་གྲུབ་པོ། །
བྱང་གེ་སར་སྨན་རི་རྒྱལ་པོ་རེད། །
རྩི་སྨན་རིགས་སྣ་འཛོམས་གང་དགོས་ཡོད། །
བོད་གངས་ཅན་ནད་སེལ་སྨན་རི་ལགས། །

ཐང་གཙང་པོའི་དགའ་འཁྱིལ་གཡས་ཟུར་ན། །
ཆུ་སྔོན་པོའི་གཡུ་འབྲུག་རང་གྲུབ་པོ། །
ལྷོ་འབྲི་ཆུ་དལ་འགྲོས་རིང་མོ་རེད། །
ཆབ་བདུད་རྩི་ཡན་ལག་བརྒྱད་ལྡན་ཡོད། །
བོད་གངས་ཅན་དུག་སེལ་སྨན་ཆང་ལགས། །

ཞེས་པ་འདི་ཡང་རབ་རྒྱན་ལྕགས་ཡོས་རྒྱལ་ཟླའི་ཡར་ཚེས་དུས་བཟང་ལ་ཨེ་ཝྃ་ཆོས་སྨན་གསོ་བྱེད་ཀུན་ཕན་གླིང་གི་མཁན་པོ་འོད་གསལ་མཐའ་ཡས་དང་ནད་མེད་ཚེ་རིང་སོགས་ཀྱིས་བསྐུལ་བའི་རྐྱེན་ལས་ཤྲྰི་ཨནནྟ་བཛྲས་ཨེ་ཝྃ་མུ་ཏྲའི་སྒྲུབ་ཁང་ནས་སྨྲས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ