དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 24 February 2012
གཡུ་བྱ་སྔོན་མོ་གཤོག་རྩལ་རྒྱས་པ་རྨིས། །
ན་མོ་གུ་རུ་ཤྲྰི་ཡེ། །
སྣང་སྲིད་གནས་ལ་སྒྱུ་མའི་རྟེན་འབྲེལ་འཆར་བ། །
སད་རྨི་མཚམས་སུ་རེ་དོགས་ཚོར་བ་མངོན་སུམ། །
ཁྱུང་ཆེན་གཡུ་སྒང་གསོན་པོ་ལག་ཏུ་སོན་ཐལ། །
སྐད་ཅིག་གཤོག་རྩལ་རྒྱས་ནས་ནམ་མཁར་འཕུར་སོང་། །


མཐོ་སྒང་གངས་དཀར་རི་ལ་གསོན་ཉམས་དྲོན་པོ། །
མདོ་དབུས་ཁམས་པའི་སེམས་ལ་བདེ་སྐྱིད་གསར་པ། །
སྣོད་བཅུད་འཛུམ་མདངས་བཞད་པའི་རྟེན་འབྲེལ་ཆོས་སྒྲས། །
སྨན་ལྗོངས་ཕྱུག་མོའི་ཚེ་སྲོག་བརྟས་པ་རྨིས་སོང་། །

རིན་ཆེན་རི་ལ་བཞུགས་པའི་ཆོས་སྡེ་དཀར་པོ། །
སྟག་སེང་ཁྱུང་འབྲུག་རླུང་རྟ་ཡར་ལ་རྒྱས་པས། །
བསྟན་པའི་རྒྱལ་མཚན་བསྒྲེང་བའི་འཕགས་པའི་དགེ་འདུན། །
བདེ་ཆེན་གཡང་གི་འབྲས་བུ་གསར་དུ་བཞད་སོང་། །

ཁུ་བྱུག་སྙན་པའི་གླུ་སྐད་རྣ་བར་ཐོས་པས། །
ཚ་གྲང་ལས་ཀྱི་སྡུག་སྐད་རིམ་གྱིས་ཆག་ནས། །
བདེན་དྲང་རིག་པའི་དཔའ་བོས་ཀི་བསྭོ་ལྷ་རྒྱལ། །
བཀྲ་ཤིས་བདེ་ལེགས་དར་དཀར་གནམ་ལ་གཡུགས་སོང་། །

ཀུན་མཁྱེན་བླ་མའི་མཁྱེན་རབ་ཉི་མ་འདི་དང་། །
སྤྱན་གཟིགས་སྤྲུལ་པའི་ཐུགས་བརྩེ་ཟླ་བ་འདི་ཡིས། །
སྐལ་བཟང་བསྟན་སྲིད་ཟིན་པའི་རྒྱུ་སྐར་ཚོགས་ལ། །
འོད་སྣང་ཉམས་དུ་མེད་པའི་བཀྲག་མདངས་རྒྱས་སོང་། །

ཞི་བདེའི་ལྷག་བསམ་དཀར་པོ་དགུང་ལ་ཤར་ནས། །
ཁམས་གསུམ་གཡུལ་ལས་རྒྱལ་བའི་དགྲ་བཅོམ་ཐོབ་སྟེ། །
འགྲོ་ཀུན་ཕ་མར་བྱམས་པའི་བྱང་སེམས་འཁྲུངས་བས། །
སྣང་སྲིད་རྣམ་པར་དག་པའི་ཞིང་དུ་སྨོན་ནོ། །
ཞེས་པ་འདི་ཡང་རབ་བྱུང་༡༧་པའི་ཆུ་འབྲུག་ལོ་སར་ལ་རྨི་ལམ་ངོ་མཚར་ཅན་ཞིག་རྨིས་པའི་རྐྱེན་དང་བླ་མ་རོང་ལེ་དང་ནུ་བོ་ངག་དབང་རྡོ་རྗེས་བསྐུལ་བ་ལྟ་བུ་ལ་བརྟེན་ནས་ལོ་སར་ཚེས་པ་གསུམ་མམ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ཉིན་ཤྲྰིས་དབྱིན་ཡུལ་ཨེ་ཝྃ་རི་ཁྲོད་ནས་བྲིས་པ་བི་ཛ་ཡནྟུ། ། །།

0 comments:

ཟིན་བྲིས་འཚོལ་ཡུལ