དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 24 February 2012
༄༅། །མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོ་ལ་
ལུང་བསྟན་གསལ་བའི་མེ་ལོང་། །

ཨེ་མ་ཧོ། །
ཀ་དག་གདོད་མའི་དབྱིངས་ཕྱུག་དེ་ཉིད་ངང་ལས། །
ལྷུན་གྲུབ་རང་རྩལ་རིག་འཛིན་རྡོ་རྗེ་མཁའ་འགྲོ། །
ཟུང་འཇུག་ལྷ་ལྕམ་ཚེ་དབང་ཆོས་སྐྱིད་དབང་མོ། །
བྱམས་བརྩེའི་རྟེན་འབྲེལ་བཟང་པོ་རྒྱུན་ཆད་མི་འདུག །


ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་སྐྱེས་རབས་ཀུན་ཏུ། །
ནམ་ཡང་འབྲལ་བ་མེད་པའི་དམ་ཚིག་རྡོ་རྗེ། །
ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར་དུ། །
བསྟན་འགྲོར་ཕན་བདེའི་ཐབས་ཤེས་མཉམ་དུ་མཛོད་ཅིག །

སྣང་བཞིའི་ལམ་རིམ་མཐར་ཕྱིན་རིག་འཛིན་རྒྱལ་པོ། །
སྐུ་གསུམ་དགོངས་པའི་དབྱིངས་ལས་འཕོ་འགྱུར་བྲལ་ཡང་། །
མཁྱེན་གཉིས་གཉུག་མའི་ཐུགས་དམ་གཡེལ་བ་མེད་པར། །
རོལ་གཅིག་ཡབ་ཡུམ་སྣང་བར་ཨེ་མ་ངོ་མཚར། །

རྨི་ལམ་སྒྱུ་མ་འདི་ལ་ཡིད་གཏན་མེད་ཀྱང་། །
འོད་གསལ་རིག་པ་འདི་དང་མཉམ་དུ་འགྲོགས་ཚེ། །
མངོན་སུམ་བདེན་པའི་ལུང་བསྟན་གསལ་བའི་སྒྲོན་མེར། །
འཁོར་འདས་བཟང་ངན་མ་ནོར་ཇི་བཞིན་འཆར་འདུག །

སྐུ་གསུམ་མཁའ་འགྲོ་དཔལ་མོའི་སྐྱེ་མཐའ་འདི་དང་། །
སློབ་དཔོན་སྣ་ཚོགས་གཟུགས་ཅན་རྟེན་འབྲེལ་སྨོན་ལམ། །
སྔ་འགྱུར་བསྟན་པའི་རྒྱན་དུ་ཡུན་རིང་བཞུགས་ན། །
རྒྱལ་བསྟན་གཉུག་མའི་ལང་ཚོ་ཉམས་པ་མི་སྲིད། །

བཀའ་གཏེར་ཟབ་དགུའི་མཛོད་འཆང་དཔལ་གྱི་བུམ་བཟང་། །
མདོ་སྔགས་བཤད་སྒྲུབ་བདུད་རྩིའི་བཅུད་ཀྱིས་གཏམས་ནས། །
སྐལ་ལྡན་ཐར་འདོད་ཀུན་ལ་སྨིན་གྲོལ་བསྩལ་ཅིང་། །
ཀུན་བཟང་ཞིང་ཁམས་འདྲེན་པའི་དེད་དཔོན་རྒྱལ་ལོ། །

ཞེས་པའང་རབ་རྒྱན་ཆུ་འབྲུག་ལོ་སར་སྐབས་ཀྱི་རྨི་ལམ་དང་སྙིང་གྲོགས་ཞིག་གིས་བསྐུལ་ངོར་མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོ་ལ་ལུང་བསྟན་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཨེ་ཝྃ་རིག་པའི་ཆོས་ཚོགས་ཁང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ། ། ། །

0 comments:

ཟིན་བྲིས་འཚོལ་ཡུལ