དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 29 February 2012
ཁྲྭ་ཁོག་མཚོའུ་དཀར་འཁྱིལ། །

ཨེ་མ།
ཁྲྭ་ཁོག་གཡུ་ཐང་དཀྱིལ་ན། །
གཞུ་སྙིང་མཚོའུ་དཀར་འཁྱིལ། །
ཀླུ་རྒྱལ་གཙུག་ནའི་སྐར་ཁང་། །
དབྱར་དགུན་གསལ་སྒྲིབ་མི་འདུག །


ཁྲྭ་མཁར་དབང་རིའི་རྩེ་ན། །
མེས་པོའི་དུར་སྲུང་སོ་མཚམས། །
དར་ལྕོག་ལ་རྩེའི་རླུང་རྟ། །
ནམ་ཡང་ཉམས་པ་མི་འདུག །

ཁྲྭ་གཞུང་བཀའ་གཞིའི་ཕྱོགས་ན། །
རྫ་མདོག་གླང་ཆེན་འགྱིང་རི་། །
ཡུལ་ལྷ་གཉན་པོའི་བཞུགས་གནས། །
གཉུག་མའི་གདན་ས་ཡིན་འདུག །

ཁྲྭ་སྐེད་གཡང་འཁྱིལ་ཞིང་ན། །
བརྒྱུད་གསུམ་བླ་མའི་རབ་གནས། །
སྣོད་བཅུད་དགེ་བའི་ཇོ་དར། །
གངས་དཀར་རྒྱན་དུ་མཛེས་འདུག །

ཁྲྭ་སྟོད་གནམ་རྫོང་ཕྱུག་མོ། །
འཛམ་གླིང་གངས་རིའི་རྒྱལ་པོ། །
སྣང་ཆུང་གཡུ་རྟགས་གདུང་འབུམ། །
སྐྱེ་དགུའི་དཔལ་དུ་ཤར་འདུག །

ཅེས་པ་ཡང་རབ་རྒྱན་ཆུ་འབྲུག་ཡར་ཚེས་རྒྱལ་བ་གཉིས་པར་རྨི་ལམ་དང་སྔོན་སྙིང་གྲོགས་བློ་གྲོས་རབ་གསལ་གྱིས་བསྐུལ་ངོར་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་བྲིས་པ་དགེའོ། ། །།

0 comments:

ཟིན་བྲིས་འཚོལ་ཡུལ