དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 2 March 2012
༄༅། །སྔ་འགྱུར་རྙིང་མའི་དབུ་འཛིན་རྣམ་པའི་ཕྲིན་ལས། །

ཨེ་མ་ཧོ། །

རིག་འཛིན་ཨོ་ཌི་ཡ་ནའི་སྒྱུ་འཕྲུལ་གར། །
པད་འབྱུང་བཀའ་གཏེར་རྒྱ་མཚོའི་གཏེར་བརྒྱ་ཐོབ། །
ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་བསྒྲེང་བའི་མགོན། །
སྔ་འགྱུར་བསྟན་འཛིན་དམ་པར་རྒྱལ་གྱུར་ཅིག །


༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། །
  དེ་ཡང་འཛམ་གླིང་འཛིན་མའི་ཁྱོན་འདིར་ངོ་མཚར་འཕྲུལ་གྱི་ཡོ་ལང་དར་རྒྱས་སྟོབས་སུ་བདོ་ཞིང་། ཡར་རྒྱས་ཧ་ཅང་ཆེ་བའི་ཡུལ་གྲུ་དང་སྟོབས་ཆེན་གྱི་རྒྱལ་ཁབ་མང་པོར་ཚན་རིག་དང་དཔལ་འབྱོར་སོགས་ཧང་སངས་དགོས་པའི་ཚད་ལ་སོན་པའི་སྐབས་སུ་འདོད་ཡོན་དང་ཕྱོགས་ཞེན་གྱིས་གཞན་དབང་དུ་སོང་བའི་དུས་འདིར། འགྲོ་བ་རང་སོ་སོའི་སེམས་ཁམས་ལ་བདེ་སྐྱིད་སྐྲུན་བྱེད་ཀྱི་ཆོས་ལུགས་གྲུབ་མཐའ་སྤྱི་དང་ཡང་སྒོས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དད་ཞེན་དང་ཞིབ་འཇུག་བྱེད་མཁན་གྱི་སྐྱེ་འགྲོ་ནི་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚུལ་བཞིན་འཛིན་པའི་སྐྱེས་བུ་དམ་པ་རྣམས་ནི་རིམ་བཞིན་ཉིན་སྐར་གྱི་རྗེས་སུ་འགྲོ་ཞིང་ཕ་ཆེར་དགོངས་པ་ཆོས་དབྱིངས་སུ་རྫོགས་ཅིང་། ཁྱད་པར་ཆེ་ཆོས་ཆེ་བ་དྲུག་གི་མངོན་པར་འཕགས་ཞིང་རྒྱལ་བསྟན་ཡོངས་ཀྱི་འབྱུང་གནས་སུ་གྱུར་པ་དཔལ་གསང་ཆེན་སྔ་འགྱུར་རྙིང་པའི་ཆོས་ཚུལ་འདི་ཉིད་འཛམ་བུའི་གླིང་གིས་མཚོན་པའི་ཞིང་ཁམས་ཀུན་ལ་ཉི་ཟླའི་འོད་སྣང་བཞིན་ཁྱབ་བརྡལ་བྱུང་ནའང་། མ་རིག་པས་རྒྱུད་བསྒྲིབས་པའི་སྐྱེ་བོ་འུག་པའི་རྣམ་དཔྱོད་དང་མིག་ཅན་དག་ནི་སྔ་འགྱུར་པའི་ཆོས་དང་དེའི་རྗེས་ཞུགས་གང་ཟག་གི་ཚུལ་དངོས་ཇི་བཞིན་མི་རྟོགས་པར་ཕྱི་མ་ངན་སོང་དུ་འགྲོ་བར་བྱེད་པའི་ལས་ངན་ཚབས་པོ་ཆེ་གསོག་བཞིན་པ་ཡང་ཡོད་མོད། སྔ་འགྱུར་ཆོས་བརྒྱུད་རང་ངོས་ནས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། གཞི་ལམ་འབྲས་བུའི་ཆོས་ཀུན་ལ་དོན་དངོས་ཇི་བཞིན་རྟོགས་བསྟན་འཛིན་བགྲང་ཡུལ་ལས་འདས་པ་བྱུང་།གུས་པ་བདག་ཀྱང་སྔོན་གོམས་སྨོན་ལམ་བཟང་པོའི་མཚམས་སྦྱོར་གྱིས་སྔ་འགྱུར་པའི་བསྟན་ཞབས་སུ་དལ་བའི་རྟེན་བཟང་རྙེད་ནས་ངེས་ཤེས་ཐོབ་པའི་རང་ངོས་ལ་སྐལ་བ་བཟང་པོ་ཞིག་ཤར། རྒྱལ་བསྟན་མར་མེའི་རི་མོའམ་སྣུམ་ཟད་ཀྱི་བསྟན་པ་འདི་ལ་ཅུང་ཟད་ཕན་ན་སྙམ་པའི་ལྷག་བསམ་རྨ་མེད་པ་སྟོན་ཟླར་འཁུ་བའི་ཀུན་སློང་གིས་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་འདེབས་བཞིན་དུ་མཆིས་སོ།

དེ་ཡང་དགའ་སྤོབས་ཆེར་བསྐྱེད་འོས་པ་ཞིག་ནི་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་བའི་རྡོ་བྲག་དང་སྨིན་གླིང་། ཞེ་རྫོགས། ཀཿདཔལ་གྱི་བསྟན་འཛིན་དམ་པ་རྣམ་པས་ སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་རྒྱུན་རིམ་དང་། ལུང་རྟོགས་བཤད་སྒྲུབ་དམ་པའི་ཕྲིན་ལས་དང་སྒྲུབ་ འཆར། སོར་བྱང་སྔགས་གསུམ་དང་། མདོ་སྒྱུ་སེམས་གསུམ།

ཁྱད་པར་ནང་རྒྱུད་ཡོ་ག་སྡེ་གསུམ་གཞི་རྩའི་ཉམས་ལེན་བོད་དུ་གསང་ཆེན་རྡོ་རྗེ་ཐེག་པའི་བཀའ་གཏེར་ཡོངས་ཀྱི་བསྟན་པའི་ཆུ་འགོ་རུ་གྱུར་པ་གུ་རུ་རྗེ་འབངས་གཏེར་སྟོན་སོགས་ཀྱི་རྣམ་ཐར་རྗེས་སུ་སྒྲུབ་བཞིན་པ་འདི་ནི་ཡི་རང་དང་བསྔགས་བརྗོད་བྱ་ཆོག་པ་སྲོལ་རྒྱུན་བླ་མ་དག་གི་སྣང་བརྙན་དང་ལོ་རྒྱུས་ལ་གཟིགས་དང་ཤིན་ཏུ་གསལ། གཞན་ཡང་སྔ་འགྱུར་པའི་གདན་ས་ཆེན་མོ་དྲུག་གིས་གཙོས་པའི་དགོན་སྡེ་ཆེ་ཁག་གི་བླ་བརྒྱུད་དང་གདན་རབས་སོགས་ཆོས་བརྒྱུད་དང་གདན་རབས་སོགས་ལས་རྟོགས་པར་བྱ་དགོས། ང་བརྒྱད་བསྟན་པའི་ཉམས་རྒུད་ཀྱི་བསྟན་པ་སླར་གསོས་གནང་འི་ྋཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ། སྐྱབས་རྗེ་ཆེན་པདྨ་ཚེ་དབང་། སྐྱབས་རྗེ་བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ། སོགས་དང་། ྋསྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ྋསྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ། ྋསྐྱབས་རྗེ་སྨིན་གླིང་ཁྲི་ཆེན། སོགས་དུ་མ་དང། ཁྱད་པར་དུ་ད་ལྟ་འཚོ་བཞུགས་པའི། སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ། སོགས་དབུ་འཛིན་རྣམ་པས་ཀུན་མཐུན་གྲོས་འགྲིག་གིས་ཕྱག་ལས་མཛད་པའི་དཔར་འདི་དག་ངོ་སྤྲོད་ཙམ་ཡིན། འདི་དག་གི་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་སྐུ་དྲུང་དུ། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ། སྐྱབས་རྗེ་ཞེ་ཆེན་རབ་འབྱམས། སྐྱབས་རྗེ་ཀཿ་ཐོག་དགེ་རྩེ། སྐྱབས་རྗེ་དཔལ་ཡུལ་རིན་པོ་ཆེ། སྨིན་གླིང་འཁོར་ཆེན་རིན་པོ་ཆེ། ། སྨོན་གཉེར་དང་། མཁན་བསྟན་པ་རིན་པོ་ཆེ་སོགས་སྔ་འགྱུར་རྙིང་མའི་དབུས་བླ་ཆོས་དཔོན་དག་ཡིན་ནོ། 

གསང་ཆེན་སྔ་འགྱུར་བསྟན་པའི་ཉི་མ་ཤར། །
ལུང་རྟོགས་ཆོས་ཀྱི་སྣང་བས་ས་གསུམ་ཁྱབ། །
འགྲོ་ཀུན་མ་རིག་བསལ་བའི་གཉེན་གཅིག་པུ། །
སྔ་འགྱུར་བསྟན་པའི་འོད་སྣང་རྒྱལ་གྱུར་ཅིག །


དེ་དང་ཆབས་ཅིག་དགེ་བའི་རྩ་བ་འདིས་འཛམ་བུའི་ཞིང་ཀུན་ཏུ་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ཁྱད་པར་དཔལ་གསང་ཆེན་སྔ་འགྱུར་པའི་བསྟན་པ་རིན་པོ་ཆེ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་། དུས་ཀྱི་མཐར་ཡང་འཁོར་ལོ་གསུམ་གྱི་བྱ་བས་རྒྱལ་བསྟན་གོང་དུ་སྤེལ་ཞིང་བསྟན་འགྲོའི་དཔལ་མགོན་དུ་འཚོ་ཞིང་བཞུགས་པའི་སྐྱེས་མཆོག་དམ་པ་རྣམས་སྲིད་མཐའི་བར་དུ་སྐུ་ཚེ་རྡོ་རྗེའི་ཁམས་ལྟར་བརྟན་ཅིང་བཞུགས་པའི་སྨོན་ལམ་རྩ་གསུམ་རབ་འབྱམས་བདེན་པས་འགྲུབ་པར་མཛོད་ཅིག་ཅེས་པ་སྐྱབས་རྗེ་དམ་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱིས་སྐུ་པར་འདི་དག་གནང་བའི་སྐྱེན་ལས་རབ་རྒྱན་ཆུ་འབྲུག་ཟླ་བའི་ཡར་ངོས་ཚེས་པ་བཅུའི་དུས་ཆེན་ནམ་༢༠༡༢ལོའི་ཟླ་༣ ཚེས་༢ ཉིན་མཁན་ཆེན་བླ་མའམ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ལན་ཨེ་ཝྃ་རིག་པའི་ཆོས་ཚོགས་ཁང་དུ་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ། ། ། །

0 comments:

ཟིན་བྲིས་འཚོལ་ཡུལ