དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 11 March 2012
༄༅། །༧སྐྱབས་རྗེ་སངྒྷ་རཀྵ་ཏའི་ཞབས་བརྟན་གསོལ་འདེབས་ཀུན་བཟང་མེ་ལོང་ཞེས་བྱ། །
འཁོར་བར་ངེས་འབྱུང་རབ་བྱུང་བསྟན་པ་འཛིན། །
བྱང་ཆུབ་སེམས་ལྡན་ཐབས་ཤེས་དམ་ཆོས་སྐྱོང་། །
གསང་ཆེན་དག་མཉམ་རྟོགས་པས་རྣལ་འབྱོར་སྤེལ། །
སང་གྷ་རཀྵ་ཏ་ཉིད་ཞབས་བརྟན་ཤོག །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཕྱོགས་དུས་རྒྱལ་ཀུན་སྲས་བཅས་ཐམས་ཅད་དང་། །
རབ་འབྱམས་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དགོངས། །
བསོད་ནམས་ཡེ་ཤེས་ཚོགས་ལས་ལེགས་འཁྲུངས་པའི། །
རྒྱལ་བསྟན་རིན་ཆེན་དར་རྒྱས་ཕུན་ཚོགས་ཤོག །
དཀའ་སྤྱོད་ཆེན་པོའི་འཕགས་པའི་ཡུལ་དུ་བྱོན། །
བཤེས་གཉེན་དམ་པའི་ཞབས་རྡུལ་སྤྱི་བོར་བླངས། །
ཐོས་བསམ་སྒོམ་པས་ཤེས་རབ་ཟབ་རྒྱས་བརྙེས། །
བན་དྷེ་ཨོ་རྒྱན་ནོར་བུ་ཞབས་བརྟན་ཤོག །
འཁོར་བར་ངེས་འབྱུང་རབ་བྱུང་བསྟན་པ་འཛིན། །
བྱང་ཆུབ་སེམས་ལྡན་ཐབས་ཤེས་དམ་ཆོས་སྐྱོང་། །
གསང་ཆེན་དག་མཉམ་རྟོགས་པས་རྣལ་འབྱོར་སྤེལ། །
སང་གྷ་རཀྵ་ཏ་ཉིད་ཞབས་བརྟན་ཤོག །
སྐུ་མཆོག་མི་གཡོ་ཆོས་བདུན་ངོ་བོར་བཞུགས། །
གསུང་དབྱངས་འགགས་མེད་དམ་ཆོས་འཁོར་ལོ་བསྐོར། །
ཐུགས་རྗེ་སྤོངས་རྟོགས་ཡེ་ཤེས་མཐར་ཕྱིན་ནས། །
མཁའ་ཁྱབ་འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་དབང་ཕྱོགས་རྒྱལ་བ་དང་པོའི་སྐབས་སུ་སངྒྷ་རཀྵ་ཏའི་མཇལ་བའི་རྐྱེན་དང་བདེ་བ་རྡོ་རྗེའི་སྐུལ་བའི་མཐུས་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་དེ་ཉིད་བྲིས་པ་དགེའོ། ། ། །
Subscribe to:
Post Comments (Atom)
0 comments:
Post a Comment