དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 9 March 2012


ཨེ་ཝྃ་ཆོས་སྨན་གླིང་གི་ཕ་སྐད་རྒྱུན་འཛིན་ཐེངས་གཉིས་པ་ལེགས་གྲུབ་བྱུང་ཡོད། ། དེ་ཡང་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་མདོ་ཁམས་ཕྱོགས་སུ་བོད་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་ཚུལ་དང་། ཁྱད་པར་གཟའ་མིག་དམར་ཉིན་ཨེ་ཝྃ་ཆོས་སྨན་ཁང་དུ་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་སྲུང་གཙི་དང་འབྲེལ། བོད་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཁག་ཅིག་གིས་སྐད་ཡིག་སྲུང་སྐྱོབ་ཐོག་བགྲོ་གླེང་གནང་།



ཕ་སྐད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་བཞིན་བགྲོ་གླེང་དང་། སློབ་ཕྲུག་ཐ་སྙད་སྟོང་ཕྲག་བཞི་ལྷག་ཐུགས་ལ་ཟིན་ཡོད་མཁན་དང་བོད་ཡིག་ཨང་དང་པོ་ཚོ་ལ་བྱ་དགའ་རིམ་པ་བཞིན་གནང་འདུག  

མཛད་སྒོའི་ཐོག་མར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་མཁན་པོ་འོད་གསལ་ལགས་ཀྱིས། རྒྱལ་སྤྱིའི་སྐད་ཡིག་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་སྐད་ཡིག་སྐད་ཡིག་རྒྱུན་ཚོགས་པས་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་སྟབས་བསྟུན་ཏེ། བོད་རིགས་མཁས་དབང་ཁག་གི་བོད་ཀྱི་སྐད་དང་ཡི་གེའི་གནས་བབ་སྐོར་བགྲོ་གླེང་གནང་རྒྱུ་དང་། བོད་མིའི་ཟ་ཁང་དང་ཚོང་ཁང་། ཨེ་ཝྃ་རིག་པའི་ལོ་དེབ་དང་། འབྱུང་འགྱུར་གྱི་འཆར་འགོད་དང་། སྐད་ཡིག་ཀྱི་དཀའ་ངལ་དེ་མི་སྒེར་བ་ཞིག་དང་ཚོགས་སྡེ་ཞིག་གིས་གཅིག་གྱུར་ཐུབ་པ་ཞིག་མིན་པར། མི་རིགས་ཀྱི་ཤེས་རིག་དང་དཔལ་འབྱོར་ཡར་རྒྱས་དང་བསྟུན་ཏེ་ཡོང་དགོས་པ་ཞིག་ཡིན་ཚུལ་གསུངས།

བླ་མ་རོང་ལེས་གསུངས་པ་ལྟར་ན་སྐད་ཡིག་ཐོག་བཅངས་བའི་འདུ་ཤེས་ཞན་པ་བཅས་ཀྱིས་སྐད་ཡིག་སྲུང་སྐྱོབ་ཐོག་གནོད་པ་ཆེན་པོ་ཐེབས་བཞིན་ཡོད་ཚུལ་དང་། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་འདི་སྐད་ཡིག་ཚོགས་པ་ཁོ་ནའི་འགན་འཁྲི་ཙམ་མིན་པར། མི་སྒེར་སོ་སོ་སྐད་ཡིག་བེད་སྤྱོད་དང་དོ་སྣང་བྱ་དགོས་པ་ཞིག་དང་། སྒྲིག་འཛུགས་ཀྱི་ངོས་ནས་སྟངས་འཛིན་ནན་མོ་བྱས་ཏེ། སློབ་གྲྭ་དང་དགེ་རྒན་ལ་དམིགས་བསལ་དགོངས་བཞེས་གནང་སྐོར་སོགས་གསུངས་སོ།

 མདོར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་ལྟར་ན། འཛམ་གླིང་སྟེང་ཁྱོན་སྐད་རིགས་ ༦༠༠༠ ཙམ་ཡོད་པའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་སྐད་རིགས་ ༣༠༠༠ ཙམ་ལས་མེད་ལ། ད་ཆར་ཆ་སྙོམས་ཟླ་རེར་སྐད་རིགས་ ༢ རེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག་ཅེས་བཤད་ཡོད་པས་ང་ཚོ་བོད་པ་ཡོངས་ནས་གཟབ་པར་འཚལ། །

ཨེ་ཝྃ་ཆོས་སྨན་གླིང་གི་སློབ་ཕྲུག་ངག་དབང་རྡོ་རྗེས།། །།

0 comments:

ཟིན་བྲིས་འཚོལ་ཡུལ