དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 8 March 2012
བདེ་ཆེན་གཡང་གི་རྒྱལ་མོའི་ཞབས་བརྟན་དངོས་གྲུབ་ཀུན་འབྱུང་། །

ཨེ་མ་ཧོ། །
ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་ཝ་ར་ཧི། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་བདེ་གཡང་དཔལ། །
ཀུན་འདུས་བདེ་ཆེན་དབང་མོ་ཞབས་བརྟན་ཤོག །


སྐུ་མཆོག་ལང་འཚོ་མཚན་དཔེའི་རང་བཞིན་གསལ། །
གསུང་དབྱངས་ཟབ་རྒྱས་བསྟན་སྲིད་སྤེལ་བའི་མགོན། །
ཐུགས་རྗེ་མཚུངས་མེད་གཟུངས་སྤོབས་བློ་གྲོས་ཅན། །
དཀར་མཛེས་བདེ་ཆེན་དབང་མོ་ཞབས་བརྟན་ཤོག །

ཚད་མེད་རྣམ་བཞིའི་བྱང་ཆུབ་སེམས་མཆོག་ལྡན། །
བསྡུ་དངོས་བཞི་ཡིས་སེམས་ཅན་དོན་མཛད་ནས། །
བདེན་པ་རྣམ་བཞིར་བླང་དོར་ལེགས་མཛད་པའི། །
རིག་འཛིན་གྲུབ་པའི་རྒྱལ་མོ་ཞབས་བརྟན་ཤོག །

བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོ་བར། །
མཁྱེན་བརྩེའི་བདག་ཉིད་ཁྱེད་དང་མི་འབྲལ་ཞིང་། །
རིག་འཛིན་རྣམ་བཞིའི་ས་ལམ་མཐར་ཕྱིན་ནས། །
བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཤོག །

ཅེས་འང་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཉ་འམ་ཆོས་འཕྲུལ་དུས་ཆེན་ལ་སྙིང་ནས་དད་གུས་ཀྱི་ཞིང་ས་དམ་པ་བདེ་ཆེན་གཡང་གི་རྒྱལ་མོའི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་ཤྲྰིས་སྨོན་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ