དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 13 March 2012
༄༅། །༧ཨ་འགྱུར་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན། །


དང་པོ་ཨ་འགྱུར་ལྷ་སྲས་གཡུལ་རྒྱལ་རིན་པོ་ཆེ་ནི་སྐུའི་ཡབ་དབང་སྟོད་རིག་འཛིན་རྒྱལ་དབང་དང་། ཡུམ་བདེ་འཚོ་གཉིས་སུ་ཕྱི་ལོ་ ༡༨༡༡ ལ་གཟུགས་བཀོད་པ་གསར་དུ་སྐུ་འཁྲུངས། ཆུང་དུས་ནས་མདན་སྲས་ཀྱི་སྤྲུལ་པ་གྲགས་ཞིང་དཔའ་རྒོད་དེ་དུས་སུ་གྲགས་པ་ཞིག་བྱུང་།


ཁྱད་པར་རིག་འཛིན་པདྨ་ཀ་རའི་རྒྱལ་ཚབ་མདོ་མཁྱེན་བརྩེ་ཡེ་ཤེས་ལ་མཉེས་པ་གསུམ་གྱིས་བསྟེན་ཏེ་བརྒྱུད་གསུམ་གདམས་པའི་མན་ངག་ཆ་ཚང་བདུད་རྩི་བུམ་པ་གང་བྱོས་ཚུལ་དུ་གསན་བཞེས་མཛད། དཔོན་སྐོར་སྡེ་དགོན་གྱི་མངའ་བདག་ཏུ་གྱུར། རྩ་གསུམ་རྒྱལ་བ་ཞི་ཁྲོས་ཞལ་གཟིགས་ལུང་བསྟན་ཐོབ་པ་དང་། གཟིམ་ལམ་ཉམས་སྣང་ལས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཟངས་མདོག་དཔལ་རི་སོགས་ཞིང་ཁམས་རྣམས་སུ་ཕེབས་པར་མཛད། ཁྱད་པར་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་ནས་དངོས་གཞི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་བར་གང་ཟག་གཅིག་ཚེ་ལུས་གཅིག་ལ་སངས་རྒྱས་པའི་ས་ལམ་རྣམས་མཐའ་ཕྱིན་པར་གྱུར། ཕྱི་ལོ་༡༨༨༣ རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུས།   
ཨ་འགྱུར་སྐུ་ཕྲེང་གཉིས་པ་བསོད་ནམས་རིན་ཆེན་ནི་ཡབ་ཨ་བྷེ་དང་ཡུམ་གཡང་རིལ་གཉིས་སུ་ཕྱི་ལོ་༡༨༨༤ སྐུ་འཁྲུངས། ལྷ་སྲས་གཡུལ་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་ནས་བཟུང་སྟེ་ཆུང་ནས་རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་པར་སྐུ་སྐྱེ་གོང་མའི་རྗེས་སུ་ཟིན་པ་ཞིག་ཡོད།  ཡིན་ན་ཡང་ངག་རྒྱུན་ལྟར་ན་ཡུལ་ཁམས་ཀྱི་ནད་ངན་ཚང་མ་སྐུ་ཉིད་ཀྱིས་བཞེས་པའི་སྟོབས་ལས་ཕྱི་ལོ་༡༩༠༢ དགོངས་པ་རྫོགས་སོ། །

ཨ་འགྱུར་དགེ་ལེགས་ཆོས་སྣང། ༡༩༠༥ནས ༡༩༢༦ ། རྣམ་ཐར་རྒྱས་པ་ཡོད།
ཨ་འགྱུར་ཐུབ་བསྟན་དགེ་ལེགས་ཆོས་ཀྱི་ཉི་མ་ ༡༩༢༧ ནས ༡༩༦༣། རྣམ་ཐར་རྒྱས་པ་ཡོད། །
ཨ་འགྱུར་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་ནི།༡༩༦༧ ༥ ༡ ་ད་ལྟ་འཚོ་བཞིན་པ་འདིའོ། །


༄༅། །ཐུབ་བསྟན་སྙན་གྲགས་རིན་པོ་ཆེའི་ཞབས་བརྟན་ཨ་འགྱུར་རྡོ་རྗེའི་དམ་ཚིག །
ཨེ་མ་ཧོ། །
རྣམ་དག་མཚན་དཔེའི་ཡོན་ཏན་རབ་རྫོགས་ནས། །
རྣམ་མང་འགྲོ་ལ་བརྒྱད་ཁྲིའི་ཆོས་སྟོན་པའི། །
རྣམ་མཁྱེན་ཡེ་ཤེས་སྤངས་རྟོགས་ཕུན་ཚོགས་ཅན། །
རྣམ་འདྲེན་རྒྱལ་བའི་དབང་པོས་དགེ་ལེགས་སྩོལ། །
འཆི་མེད་རིག་འཛིན་གྲུབ་པའི་དྲང་སྲོང་དང་། །
རྩ་གསུམ་ཚེ་ལྷ་རྒྱལ་བ་ཞི་ཁྲོའི་ཚོགས། །
དེང་འདིར་དགོངས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །
མཆོག་སྤྲུལ་དམ་པའི་སྐུ་ཚེ་བརྟན་པར་མཛོད། །
འཕགས་པའི་ཡུལ་དུ་ཀླུ་གྲུབ་སྙིང་པོ་དང་། །
གངས་རིའི་ལྗོངས་སུ་འགྲོ་ཁམས་འདྲེན་པའི་དཔལ། །
རྒྱལ་བསྟན་རིན་ཆེན་སྤེལ་བའི་དེད་དཔོན་མཆོག །
ཨ་འགྱུར་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག །
ཐུབ་བསྟན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས། །
སྙན་གྲགས་ལྷ་རྔའི་སྒྲ་དབྱངས་སྒྲོག་པའི་དཔལ། །
ཨ་འགྱུར་དམ་པའི་སྐྱེ་སྤྲུལ་འཁྲུལ་བྲལ་བ། །
ཐུབ་བསྟན་སྙན་གྲགས་སྐུ་ཚེ་བརྟན་པར་ཤོག །
རྫོགས་ཆེན་བསྟན་པའི་དེ་ཉིད་ཇི་བཞིན་རྟོགས། །
ཕྱག་ཆེན་གདམས་པའི་དཀའ་སྤྱད་རབ་ཏུ་མཛད། །
ཐེག་ཆེན་དམ་པའི་སྤྲུལ་སྐུ་ཕྲིན་ལས་ཅན། །
དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །

ཅེས་པ་པའང་མཆོག་སྤྲུལ་དམ་པ་༧ཐུབ་བསྟན་སྙན་གྲགས་རིན་པོ་ཆེའི་སྐུ་ཚེ་བརྟན་པ་ དང་བསྟན་འགྲོའི་དོན་ཆེན་གེགས་མེད་བདེ་མྱུར་དུ་འགྲུབ་པའི་ཆེད་དུ་བྱང་ཕྱོགས་ ཨ་མི་རི་ཀའི་དྷརྨྰ་ཀིརྟིའི་ཆོས་ཚོགས་ཁང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ རབ་རྒྱན་ལྕགས་སྟག་
སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ཡིད་བཞིན་སྣ་འཛོམས་ཀྱི་ཉི་མ་ལ་སྙིང་ནས་སྨོན་པར་དགེའོ། །

ཤྲྰི་སརྦ་མངྒ་ལཾ་བི་ཛ་ཡནྟུ།། །།

༄༅། །ཟངས་མདོག་དཔལ་རིའི་དཀྱིལ་འཁོར་ཐུབ་བསྟན་རྣམ་རྒྱལ་ཕོ་བྲང་། །
ཨེ་མ་ཧོཿ
རྨད་བྱུང་ཟངས་མདོག་དཔལ་རིའི་དཀྱིལ་འཁོར་ཆེ། །
སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །
ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་གི །
སྙན་གྲགས་ཆོས་སྒྲས་འགྲོ་ཀུན་ཕན་བདེར་སྨོན།

ཞེས་ པའང་མཆོག་སྤྲུལ་དམ་པ་ཨ་འགྱུར་རིན་པོ་ཆེའི་ཡང་སྲིད་ཐུབ་བསྟན་སྙན་གྲགས་རིན་ པོ་ཆེས་སྐྱེན་པོ་དགོན་དུ་ཟངས་མདོག་དཔལ་རི་རྟེན་དང་བརྟེན་པ་བཅས་བཞེངས་ཟིན་ ནས་གཞལ་མེད་ཁང་ལ་མཚན་ཞིག་དགོས་གསུངས་པ་དང་གང་དྲན་དུ་ཤྲྰིས་སྨྲས་པ་དགེའོ། །
ཤྲྰི་སརྦ་དྷརྨྰ་ཀིརྟི་ལོ་ཀ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ