དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 12 March 2012
༄༅། །མཁའ་སྤྱོད་མ་བདེ་ཆེན་དབང་མོར་གསོལ་བ་འདེབས་པ་
དད་པའི་ཕྱག་རྒྱ་ཞེས་བྱ་བ། །

ཨོཾ་སྭ་སྟི། །
བདེ་ཆེན་མཆོག་གི་ཕྱག་རྒྱ་རབ་ཏུ་རྒྱས། །
བདེ་སྟོང་དོན་གྱི་ཡེ་ཤེས་རྟག་ཏུ་བརྟན། །
བདེ་ཆེན་གཡང་གི་རྒྱལ་མོ་མ་ཎི་ཀས། །
བདེ་སྟོང་རིག་མའི་རྩལ་དབང་བསྐུར་དུ་གསོལ། །


བདེ་ལེགས་མི་ཆོས་དགེ་བའི་གཞི་རྩ་བརྟན། །
བདེ་སྐྱིད་ཕུན་ཚོགས་སྡེ་བཞིའི་ཡ་ག་རྒྱས། །
བདེ་གཡང་ཤེས་བྱའི་ལོ་འབྲས་རབ་ཏུ་བཀྲ། །
བདེ་ཆེན་དབང་གི་པདྨོ་བཞད་དུ་གསོལ། །
ཨེ་མ་ཧོ། །
བརྩེ་ཆེན་ཆོས་ཀྱི་རྒྱལ་པོ་མ་ཎི་ཀར། །
བདེ་ཆེན་དོན་གྱི་དབང་མོ་སྙིང་གྲོགས་མས། །
བྱམས་ཆེན་དྲོད་ཀྱིས་བདེ་གཡང་མི་འབྲལ་ཞིང་། །
རྫོགས་ཆེན་བསྟན་པའི་རྒྱན་དུ་རྟག་བཞུགས་གསོལ། །
སྙིང་ནས་ཤྲྰིས་གུས་ཕུལ།

0 comments:

ཟིན་བྲིས་འཚོལ་ཡུལ