དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 27 March 2012
སྨོན་གསོལ་བདུད་རྩིའི་ཆར་བ། །
ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡེ། །
ཕྱག་སྟོང་འཁོར་ལོའི་སྒྱུར་བའི་རྒྱལ་པོ་དང་། །
སྤྱན་སྟོང་སྐལ་བ་བཟང་པོའི་སངས་རྒྱས་སྟོང་། །
གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །
བཙུན་པ་སྤྱན་རིས་གཟིགས་ལ་གསོལ་བ་འདེབས། །
འཇམ་དཔལ་རྡོ་རྗེ་ངག་ལ་དབང་འབྱོར་ཞིང་། །
བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས། །
བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན། །
བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས། །
བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན། །
འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས། །
རྗེ་བཙུན་བླ་མའི་ཐུགས་ཀའི་ཧྲྰི་ཡིག་ལས། །
བདུད་རྩི་འོད་ཟེར་སྣ་ལྔའི་རྒྱུན་བབས་ཏེ། །
བདག་སོགས་སྤྱི་བོ་ནས་ཞུགས་སྡིག་སྒྲིབ་སྦྱང་། །
མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་གྱུར། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོྃ་ཨཱཿཧྰུྃ་བཛྲ་དྷ་ར་ཝཱ་གིནྡྲ་སུ་མ་ཏི་ཛྙཱ་ན་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ། །
བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དཔལ་ལྡན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རིས་གཟིགས་དབང་བསྟན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བསྟན་གྱུར་ཅིག །
འཛམ་བུའི་གླིང་འདིའི་ཕན་བདེ་མ་ལུས་པ། །
གང་འདོད་འབྱུང་བའི་ཡིད་བཞིན་ནོར་རྗེ། །
རིས་མེད་བསྟན་པའི་ཆོས་རྒྱལ་ཆེན་པོ་ཉིད། །
ཕྲིན་ལས་ཀུན་ཁྱབ་འཛམ་གླིང་རྒྱན་དུ་མཛེས། །
ཤྲྰིས་གང་ཤར་དུ་བསྒྲིགས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment