དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 25 March 2012
༄༅། །གལ་ཆེན་པོའི་དགེ་བསྐུལ་ཚེ་སྲོག་གི་བདེ་སྐྱིད་ཞེས་བྱ་བ། །
སྙིང་ཉེ་བའི་ཆོས་མཆེད་དང་རྒྱལ་ཕྱི་ནང་གི་ཐུབ་བསྟན་དགེ་བའི་གྲོགས་པོ་རྣམ་པའི་དྲུང་དུ་ཞུ་གསོལ། །
ད་ལོ་ཚང་མས་མཁྱེན་གསལ་ལྟར་སྣོད་བཅུད་ཕྱི་དང་ནང་གི་འགལ་རྐྱེན་བར་ཆད་མང་པོ་ཞིག་བྱུང་དང་། འབྱུང་བཞིན་པ་དེ་རེད། ཁྱད་པར་དུ་མཁན་ཆེན་བླ་མའི་གཟིམ་ལམ་ལས་གངས་ཐན་སོགས་འབྱུང་བར་སྔར་བསྒྲགས་ཡིག་ལས་གསལ་བ་བཞིན་ད་ལྟ་ཡང་གངས་ཐན་དངོས་སུ་ད་ལྟ་འབྱུང་པར་བརྟེན། ད་ཡིན་ན་དམག་འཁྲུག་སོགས་སྐྱེ་འགྲོའི་ཚེ་སྲོག་སོགས་ལ་གནོད་པའི་བར་ཆད་དུ་མ་ཞིག་འབྱུང་བར་རེད་འདུག དེས་ན་དེ་དག་བཟློག་ནས་སྣོད་བཅུད་ལ་གནོད་པའི་ནད་མཚོན་འབྱུང་བའི་གནོད་པ་ཐམས་ཅད་མི་འབྱུང་བ་དང་། རྒྱལ་བསྟན་དར་བ་དང་སྐྱེ་འགྲོ་ཀུན་ལ་བདེ་བའི་ཆེད་དུ་འབད་དགོས་པ་ནི་ང་ཚོ་ཚང་མས་ལས་འགན་ཞིག་རེད། དེས་ན་ང་ཚོ་འདིར་ཨེ་ཝྃ་ཆོས་སྨན་ཁང་དང་སྐྱེན་པོ་སྡེ་དགོན་དང་རང་གིས་ཆོས་མཆེད་གྲོགས་པོ་རྒྱལ་ཕྱི་ནང་ཀུན་ལ་བསྐུལ་མ་བྱས་ནས་འོད་དཔག་མེད་ཀྱི་བསྙེན་པ། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧྰུྃ་ཧྲྰི༔ འདི་ཉིད་བཟླས་པའི་ཕན་ཡོན། དེ་ཉིད་ལས། འབུམ་ཕྲག་གསུམ་གྱིས་དངོས་གྲུབ་ཐོབ༔ ཚེ་འདིར་དུས་མིན་འཆི་བ་ཞི༔ ཕྱི་མ་བདེ་ཆེན་ཐར་ལམ་ཟིན༔ ཞེས་གསུངས་པ་བཞིན་རེད། དགའ་འོས་པ་ཞིག་ལ་དགེ་བསགས་ཁས་ལེན་པས་འབུམ་ཕྲག་མང་པོ་ཞིག་འགྲུབ་སོང་། ཡིན་ན་ཡང་འབུམ་ཕྲག་སྟོང་གཅིག་ལྷག་སྟེ་དུང་ཕྱུར་གཅིག་ཨེ་འགྲུབ་བསམ་ཡོད། ཕལ་ཆེར་འགྲུབ་སོང་། འདིས་དགེ་སྒྲུབ་བྱེད་ཚུལ་དེ་མི་རེ་རེ་ནས་འབུམ་གསུམ་རེ་ཁས་ལེན་གནང་ནས་ལོ་འདིའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཚུན་ལ་ངེས་པར་དུ་བསྙེན་ཚད་དེ་ཞོགས་དགོས་པ་ཞིག་ཡིན་གསུངས། དེས་ན་གྲོགས་པོ་ཚང་མས་འབད་རོགས། རང་རང་སོ་སོས་དགེ་སྒྲུབ་ཚོགས་བསགས་འདི་ལ་འབྲེལ་འཇོག་དགོངས་ན་མཚན་ཐོ་འགོད་རོགས། དགེ་བ་ཡང་འོད་བསྙེན་དུང་ཕྱུར་རེའི་དགེ་བ་འཐོབ་པ་དང་ཚེ་རིང་ནད་མེད་འདི་ཕྱིའི་ཕན་བདེ་ཕུན་སུམ་ཚོགས་པའི་ཕན་ཡོན་སྒྲུབ་གཞུང་ལས་བཤད་པ་ནང་བཞིན་འབྱུང་བར་ངེས་པས་དེ་ལུགས་མཛད་པར་མཁྱེན་འཚལ། ། སྒྲུབ་མཁན་ཚང་མའི་མིང་ཐོ་ངེས་པར་ཤེས་དགོས།
འབྲེལ་ཡུལ། ཁ་པར། 電話: 86-18097093191 (རིན་པོ་ཆེ)
ཡིག་ཟམ། 網 址: shriananta@yahoo.com
ཕྱི་ལོ་༢༠༡༢ཟླ་༢་ཚེས་༣ལ།
ཨེ་ཝྃ་ཆོས་སྨན་གླིང་གི་ལས་འཛིན་ཐུན་མོང་ནས། །
Subscribe to:
Post Comments (Atom)
0 comments:
Post a Comment