དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 20 April 2012
ཨེ་མ་ཧོཿརེ་གཅིག་པ།
༄། །དཔལ་དགྱེས་པ་རྡོ་རྗེའི་བརྟན་གསོལ་མ་བཅོས་ལྷུག་པའི་གླུ་ཆུང་། །
ཀཿཐོག་རིག་འཛིན་ཆེན་པོ། རིག་ཀློང་།



ན་མོ་གུ་ར་ཝེ། 

བརྒྱུད་གསུམ་བླ་མའི་ཡེ་ཤེས་བྱིན་ཆེན་ཐོབ། །
གནས་གསུམ་མཁའ་འགྲོའི་དགའ་བཞིའི་ལེགས་སྐྱེས་རོལ། །
ཁམས་གསུམ་འདི་རུ་སྒྱུ་མའི་མཛད་པ་ངོམ། །
སྣང་གསུམ་ལམ་བྱེད་རྨི་ལམ་དབང་ཕྱུག་རྒྱལ། །
མཐོ་ལ་རེ་དོགས་ཆུང་བས་ཀུན་དང་འགྲས། །
དམའ་ལ་བྱམས་བརྩེ་ཆེ་བས་ཀུན་གྱིས་བཀུར། །
སུ་ལ་མི་འཇིགས་ཆ་ལུགས་ངེས་མེད་བསྒྱུར། །
གང་བྱུང་མཛད་པ་ཀུན་ཀྱིས་བློ་ལས་འགོངས། །
སྙེད་བཀུར་ཞགས་པས་མི་འཆིང་ཉི་ཟླའི་འགྲོས། །
ཚུལ་འཆོས་ཁྲིམས་ཀྱིས་མི་ཁོག་ནམ་མཁའི་གཤིས། །
ལུགས་གཉིས་སྐར་མའི་ཕྲ་ཚོམ་ངེས་མེད་འགོད། །
དད་པའི་རྒྱ་མཚོ་འཕྱུར་བའི་རླབས་ཕྲེང་མཐོ། །
མ་བཅོས་མེད་དང་གཅིག་པུའི་ཚུལ་ཁྲིམས་དང་། །
སྡེ་གསུམ་ཀློང་དགུ་ནཱ་དའི་དབྱངས་ཀྱི་གསུང་། །
སྣ་ཚོགས་རང་གྲོལ་གཏད་འཛིན་གཞི་གྲོལ་ཐུགས། །
རྨི་ལམ་དབང་ཕྱུག་ཡེ་ཤེས་རྒྱན་དུ་རོལ། །
སྟོང་ཉིད་དྲ་བ་ཐབས་ཀྱི་གཡེར་ཀའི་སྒྲས། །
དཔའ་མཚན་སྟག་ལྤག་གོས་ཅན་ཚོགས་དབང་བསྒྱུར། ། 
དཀར་དམར་བདུད་རྩི་བདེ་སྐྱོང་དབྱིངས་སྟོབས་པའི། །
གསང་བ་འཛིན་དབང་རྡོ་རྗེའི་ཆོས་ཆར་ཕོབས། །
ཐུབ་བསྟན་སྤྱི་དང་མཚོ་སྐྱེས་རྒྱལ་བའི་བསྟན། །
སྣ་ཚོགས་ཚུལ་གྱིས་འཛིན་སྐྱོང་སྤེལ་བ་དང་། །
སེམས་དཔའ་ཆེན་པོ་འཇིགས་པ་མེད་པའི་སྡེས། །
ཐུགས་ཀྱི་བཞེད་དོན་སྒྲུབ་ཕྱིར་ཞབས་བརྟན་ཤོག །
ཅེས་པའང་ངོ་དེབ་ནས་ཡིག་ཆུང་འགའ་མིག་ལམ་དུ་ཤར་མ་ཐག་སོར་མོའི་འདུ་བྱེད་བསྒྱུར་ཏེ་གང་དྲན་བཅོས་མེད་དུ་ཀཿཐོག་པ་རིག་འཛིན་ཆེན་པོའི་སྐྱེ་མིང་པ་པདྨ་དབང་ཆེན་དགྱེས་པས་ཤར་མར་སྤེལ། །

0 comments:

ཟིན་བྲིས་འཚོལ་ཡུལ